རང་ཁུལ་གྱི་ནོར་སྲིད་གཏོང་ཡོང་ཕྱེད་གཉིས་བརྒལ་བའི་ལས་འགན་ལེགས་གྲུབ་བྱུང་ཡོད།

བདེ་སྐྱིད་ཀྱིས་བསྒྱུར།        2023-07-12

ད་ལོ་ནས་བཟུང་། ཁུལ་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་ལས་དོན་ཚོགས་འདུའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཇི་ལྟར་བཤད་དང་ཇི་ལྟར་སྒྲུབ། ཇི་ལྟར་བལྟ་བའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ནོར་སྲིད་ཀྱི་འགན་འཁྲི་གཙོ་བོ་གཅིག་སྡུད་དང་དེང་ཚད་ལས་བརྒལ་བའི་བསམ་གཞིག་བྱས་ནས་ཇུས་འགོད་བཟོས་ཤིང་། འབབ་འཕར་གྲོན་ཆུང་དང་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཛུགས་སྐྲུན་བྱས་ནས་ནོར་སྲིད་ཡོང་འབབ་དང་གཏོང་སྒོ་ཕྱེད་གཉིས་ལས་བརྒལ་བའི་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་བ་རེད།

དམིགས་ཚད་ལ་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱས་ནས་ཡོང་འབབ་ཀྱི་ལས་འགན་ཚད་བརྒལ་ངང་བསྒྲུབས་ཤིང་། གཅིག་ནི་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ལ་དམིགས་ནས་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་དུས་ཐོག་ཏུ་ཡོང་འབབ་སྔོན་རྩིས་ལག་བསྟར་ཞིབ་ཚགས་ངང་ཟླ་རེ་རེའི་དབྱེ་བ་དང་། རྫོང(གྲོང་ཁྱེར)དང་ལག་བསྟར་སྡེ་ཚན་ལ་གཤམ་དུ་སྤྲད་དེ་དམིགས་ཚད་ཁ་གསལ་དང་འགན་འཁྲི་ཞིབ་ཕྲ་ཡོང་བ་བྱས་ཡོད། གཉིས་ནི་ཁྲལ་ཁུངས་བཀོད་སྒྲིག་ཧུར་ཐག་བྱས་ནས་ཁྲལ་གཞི་བརྟན་དུ་གཏོང་བ་དང་དཔྱ་ཁྲལ་ཡོང་འབབ་དང་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་བཏོན་ཡོད། གསུམ་ནི་ཁྲལ་མིན་ཡོང་འབབ་དོ་དམ་གྱི་སྲིད་ཇུས་དོན་ལ་འཁྱོལ་ནས་ཐབས་ལམ་མང་པོ་བརྒྱུད་དེ་མི་མངོན་པའི་ནུས་ཤུགས་སྔོག་འདོན་དང་འབབ་འཕར་ཡོང་བ་བྱས་ཡོད། བཞི་ནི་ཡོང་འབབ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ་ཡོང་འབབ་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པའི་འགན་ལེན་བྱས་ཡོད། དྲུག་ནི་བྱ་ཐབས་སྤྱད་དེ་མྱུར་ཚད་ལ་ལྟ་སྐུལ་བྱས་ནས་གཏོང་སྒོའི་ཤུགས་ཚད་རྒྱུན་མཐུད་འགན་ལེན་བྱས་ཡོད།།


  • ལེ་ཚན་སྔོན་མ།:2023ལོའི་གངས་དཀར་རྟགས་མའི་ས་ཁུལ་བར་གྱི་ན་གཞོན་རྐང་གྲུག་གདན་ཞུ་འགྲན་བསྡུར་སྐབས་དང་པོ་དར་མདོར་སྤེལ།
  • ལེ་ཚན་རྗེས་མ།:ཐང་ག་ཆེན་པོ《གསར་བརྗེའི་གཟི་འོད་གངས་ལྗོངས་ཡུལ་ལ་འཕྲོས》ཞེས་པའི་བརྩམས་ཆོས་འགྲེམས་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།