རང་ཁུལ་གྱི་མི་སྒེར་དང་ཐུན་མོང་འདི་དག་ལ་གཟེངས་རྟགས་ཐོབ།

ཨོ་རྒྱན་གྱིས་བསྒྱུར།        2023-07-11

སྤྱི་ཟླ7པའི་ཚེས6ཉིན། གུང་གཞོན་ཚོགས་པ་དཀར་མཛེས་ཁུལ་ཨུས་ཡོངས་བསྒྲགས་བྱས་པ་ལྟར་ན།

དཀར་མཛེས་ཁུལ་གྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྐབས་བཞི་པའི་གྲས་སུ་ཚུད་པའི་མི་སྒེར12དང་ཐུན་མོང12གཤམ་གསལ་ལྟར།


     དཀར་མཛེས་ཁུལ་གྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ནི་གུང་གཞོན་ཚོགས་པ་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཀར་མཛེས་ཀྱི་ཕུལ་བྱུང་གཞོན་ནུ་ཚོར་སྤྲད་པའི་མཚན་སྙན་མཐོ་ཤོས་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཆབ་སྲིད་ཡར་ཐོན་དང་། ཀུན་སྤྱོད་བཟང་བ། བྱས་རྗེས་མངོན་གསལ་དོད་པོ་བཅས་ཀྱི་ཕུལ་བྱུང་གཞོན་ནུ་མི་སྒེར་དང་ཐུན་མོང་རྩ་འཛུགས་ཀྱི་སྔོན་ཐོན་དཔེ་བཟང་ཁག་གཅིག་གཏོད་རྒྱུ་དེ་རེད། དུས་རབས་གསར་པའི་དཀར་མཛེས་གཞོན་ནུའི་བསམ་པའི་གཤིས་རྒྱུད་དང་རིན་ཐང་དོན་གཉེར་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་འབད་འབུངས་ཡར་བརྩོན་བྱ་རྒྱུར་ལྕག་སྐུལ་བྱ་ཆེད། གུང་གཞོན་ཚོགས་པ་དཀར་མཛེས་ཁུལ་ཨུ་དང་དཀར་མཛེས་ཁུལ་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དཀར་མཛེས་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྐབས་བཞི་པའི་ཐོབ་མཁན་ལ་བསྔགས་བརྗོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

     ས་གནས་ཁག་དང་ལས་ཁུངས་ཁག་གིས་རེ་ཞུ་ཧུར་ཐག་བྱས་པར་བརྒྱུད། ཐོབ་ཐང་ཞིབ་བཤེར་དང་། ཆེད་དོན་གྲོས་ཚོགས། མང་ཚོགས་ཀྱི་ཐོག་མའི་ཞིབ་བཤེར། ཆེད་མཁས་པའི་ཞིབ་དཔྱད་སོགས་ཀྱི་གོ་རིམ་བརྒྱུད་ནས། མི་སྒེར12དང་ཐུན་མོང12ཐེངས་འདིའི་གཟེངས་རྟགས་ཁྲོད་ཚུད་པ་རེད། གུང་གཞོན་ཚོགས་པ་ཁུལ་ཨུ་ཧྲུའུ་ཅིའི་གཞུང་ལས་ཚོགས་འདུའི་ཐོག་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ད་ལྟ་ཁྱབ་ཁོངས་ནང་ཚུད་པའི་མི་སྒེར(ཐུན་མོང)ཡོངས་བསྒྲགས་བྱས་པ་རེད། ཡོངས་བསྒྲགས་བྱ་ཡུལ་ཐད་བསམ་འཆར་མི་མཐུན་པ་ཡོད་ཚེ། 2023ལོའི་ཟླ7པའི་ཚེས13ཉིན་གྱི་ཆུ་ཚོད18གོང་། གུང་གཞོན་སྡེ་ཚོགས་དཀར་མཛེས་ཁུལ་ཨུའི་གཞུང་དོན་ཁང་ལ་མིང་ངོ་མ་བཀོད་ནས་བསམ་འཆར་ཞུ་དགོས། བསམ་འཆར་ཞུ་སྟངས་ནི་ཁ་པར་དང་། འཕྲིན་ཡིག། གློག་རྡུལ་འཕྲིན་ཡིག་བཅས་ཡིན་ཞིང་། འཕྲིན་ཡིག་འབྱོར་ཉིན་གྱི་དུས་ཚོད་ཚད་གཞིར་འཛིན་རྒྱུ་ཡིན།

འབྲེལ་གཏུག་བྱེད་ས། ཡའེ་ལུའུ།

འབྲེལ་གཏུག་ཁ་པར་ཨང་གྲངས། 0836-2833269

གློག་རྡུལ་སྦྲག་སྒམ་དང་། gztw001@163.com

འཕྲིན་གཏོང་ས་གནས། དར་མདོ་གྲོང་ཁྱེར་དར་མདོ་གྲོང་རྡལ་རྒྱུན་དྭངས་ཆུ་མིག་ཐོག་ཁང་གི་ཐོག་བརྩེགས12པ།

སྦྲག་ཨང་། 626000


དཀར་མཛེས་ཁུལ་གྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྐབས་བཞི་པའི་གྲས་སུ་ཚུད་པའི་མི་སྒེར་གྱི་མིང་ཐོ།


1.རེན་རྨིན་དང་། ཕོ། བོད་རིགས། 1992ལོའི་ཟླ་དང་པོར་སྐྱེས། ཀྲུང་གུང་ཏང་མི། ད་ལྟ་དཀར་མཛེས་ཁུལ་ཁྲིམས་འཛིན་ཅུས་ལས་ཁུངས་ཏང་གི་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་ཡོད།

2. ལིའུ་གོ་ཆན། ཕོ། རྒྱ་རིགས། 1991ལོའི་ཟླ7པར་སྐྱེས། ཀྲུང་གུང་ཏང་མི། ད་ལྟ་དཀར་མཛེས་ཁུལ་གྱི་མེ་གསོད་རོགས་སྐྱོབ་རུ་ཁག་གི་རིམ་པ་དང་པོའི་མེ་གསོད་རུ་མི་ཡིན།

3. ལི་ཧུང་ལུང་། ཕོ། བོད་རིགས། 1988ལོའི་ཟླ8པར་སྐྱེས། ཀྲུང་གུང་ཏང་མི། ད་ལྟ་དཀར་མཛེས་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བྱེད་མི་སྣ།

4. ཀྲང་ཡོན་ལི། མོ། ཧུའེ་རིགས། 1984ལོའི་ཟླ་དང་པོར་སྐྱེས། ཀྲུང་གུང་ཏང་མི། ད་ལྟ་དཀར་མཛེས་ཁུལ་ཨུའི་ཏང་གི་སློབ་གྲྭའི་ཆབ་སྲིད་རིགས་པའི་གཞུང་ལུགས་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར་བཞིན་ཡོད།

5. ཀྲང་ཤིན། ཕོ། ཆའང་རིགས། 1999ལོའི་ཟླ4པར་སྐྱེས། གྲ་སྒྲིག་ཏང་མི། ད་ལྟ་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་སྲིད་ཇུས་ཞིབ་འཇུག་ཁང་གི་ལས་བྱེད་མི་སྣ་ཡིན།

6. ཀྲོའུ་ཅུན་ཆོན། ཕོ། རྒྱ་རིགས། 2002ལོའི་ཟླ1པོར་སྐྱེས། ཀྲུང་གུང་ཏང་མི། ད་ལྟ་སི་ཁྲོན་མི་རིགས་སློབ་གླིང་གི་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱི་སློབ་མ་དང་ཧྲུའུ་ཅི་གཞོན་པའི་འགན་འཁུར་བཞིན་ཡོད།

7. ཅང་ཧའེ་མིན། ཕོ། རྒྱ་རིགས། 2001ལོའི་ཟླ4པར་སྐྱེས། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི། ད་ལྟ་བརྒྱད་ཟིལ་རྫོང་ཧྭ་ཐེང་ཡུང་ཀུའུ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་གྱི་འགན་འཁུན་བཞིན་ཡོད། 

8. བློ་བཟང་ཚེ་རིང་། ཕོ། བོད་རིགས། 2001ལོའི་ཟླ5པར་སྐྱེས། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཡིན། ད་ལྟ་འབའ་ཐང་རྫོང་ཁྱུང་མཁར་རོལ་དབྱངས་པའི་འགན་འཁུར་བ་ཡིན།

9. ཉེ་ཀང་། ཕོ། རྒྱ་རིགས། 1995ལོའི་ཟླ་དང་པོར་སྐྱེས། ཀྲུང་གུང་ཏང་མི། ད་ལྟ་དཀར་མཛེས་ཁུལ་མི་དམངས་སྨན་ཁང་མྱུར་སྐྱོབ་ཚན་ཁག་གི་སྨན་ཞབས་པ་ཡིན།

10. བཀྲ་ཤིས་བཟང་པོ། ཕོ། བོད་རིགས།1991ལོའི་ཟླ7པར་སྐྱེས། ཀྲུང་གུང་ཏང་མི། ཉག་རོང་རྫོང་སྤྱི་བདེ་ཅུས་ས་སྟོད་མངགས་གཏོང་ཁང་གི་མགོ་གཙོའི་འགན་འཁུར་བཞིན་ཡོད། 

11. བསོད་ནམས་དར་རྒྱས། ཕོ། བོད་རིགས། 1993ལོའི་ཟླ5པར་སྐྱེས། ཀྲུང་གུང་ཏང་མི། ད་ལྟ་ལི་ཐང་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་བྱེད་མི་སྣ་ཡིན།

12. ཕེང་ཧའོ། ཕོ། རྒྱ་རིགས། 1994ལོའི་ཟླ2པར་སྐྱེས། མང་ཚོགས། དཀར་མཛེས་ཁུལ་སྨི་ཡ་རིག་གནས་གསར་གཏོད་ཚད་ཡོད་སྤྱི་གཉེར་ཁང་གི་ཏུང་ཧྲི་ཀྲང་ཡིན།


དཀར་མཛེས་ཁུལ་གྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྐབས་བཞི་པའི་གྲས་སུ་ཚུད་པའི་ཐུན་མོང་གི་མིང་ཐོ།


1. ས་མཐོའི་ལས་གཞི་པུའུ་ཡི་ལས་ཁུངས།

2. ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ནུས་རྒྱུ་གསར་པ་ཁོ་ལ་འོད་ཤུགས་འཛུགས་སྐྲུན་ལས་གཞི་པུའུ་ཡི་ན་གཞོན་འཕྲལ་སྒྲུབ་རུ་ཁག

3. དཀར་མཛེས་ཁུལ་གྱི་ནགས་ཚལ་རྩྭ་ཐང་ཆེད་ལས་ཀྱི་མེ་གསོད་རུ་ཆེན་དང་པོ།(བརྒྱད་ཟིལ་རུ་ཆེན།)

4. དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཁམས་ཀྱི་འཕྲིན་སྦྱོར་ལྟེ་གནས།

5. དཀར་མཛེས་ཁུལ་གྱི་མ་འཇོག་འཕེལ་རྒྱས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི“དྭངས་གཙང་དཀར་མཛེས”སྤུས་རྟགས་གཉེར་སྐྱོང་ཚོགས་པས།

6. དར་མདོ་གྲོང་ཁྱེར་གངས་དཀར་རི་བོའི་རྟ་རོགས་ཞབས་ཞུ་རུ་ཁག།

7. སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་གི་རྒྱབ་ཁུག་ན་གཞོན་སྒྲོག་འགྲེལ་རུ་ཁག།

8. འབའ་ཐང་རྫོང་གི་སློབ་གྲྭ་ཆེན་མོ་བའི་མཉམ་འབྲེལ་ཚོགས་པ།

9. འདབ་པ་རྫོང་སྨན་ཁང་གི་གཞོན་ནུ་འཕྲལ་སྒྲུབ་རུ་ཁག།

10. ལྕགས་ཟམ་རྫོང་དང་བླངས་ཞབས་ཞུའི་མཐུན་ཚོགས།

11. དཔལ་ཡུལ་རྫོང་གཞོན་ནུ་འཕྲལ་སྒྲུབ་རུ་ཁག།

12. རོང་བྲག་རྫོང་མི་དམངས་ཞིབ་དཔྱོད་ཁང“རྒྱལ་མོ་དམུ་རྡོ་འཕྲོད་བསྟེན” ན་གཞོན་གདོང་ལེན་རུ་ཁག།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག།༼ ༧ ༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10