གསེར་རྟ་རྫོང་གིས་ངོ་མཚར་ཆེ་བའི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་འཁྲབ་བྱེད་སྒོ་སྣ་ཚོགས་སྤེལ།

        2023-07-10

ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་དང་མང་ཚོགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་གཏང་ཆེད། ཉེ་ཆར། གསེར་རྟ་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་འཁྲབ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒྱ་ཆེ་བའི་མང་ཚོགས་ཚོར་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུས་ལོན་བྱེད་དུ་འཇུག་པ་དང་མཉམ་དུ་གཟུགས་མེད་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་དང་མི་རིགས་རིག་གནས་བརྒྱུད་སྤེལ་བྱས་པ་རེད།

རྫོང་དེའི་རིག་གནས་དང་རྒྱང་སྒྲོག་ཡུལ་སྐོར་ཅུས་ཀྱིས2022ལོར་གསར་དུ་འདུན་ཞུ་ལེགས་གྲུབ་བྱུང་བའི་རྫོང་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ49བསྡུས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་གཟུགས་མེད་རིག་གནས་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད། ཚོགས་འདུར་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཚོས་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་རྒན་རབས་པ་ཚོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་གསེར་རྟ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་སྲུང་སྐྱོང་ཡག་པོ་དང་བརྒྱུད་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། རྫོང་དེའི་རིག་གནས་དང་རྒྱང་སྒྲོག་ཡུལ་སྐོར་ཅུས་ཀྱི་འགན་འཁུར་བས་ཁོང་ཚོར་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པའི་ལག་ཁྱེར་སྤྲད་པ་དང་ཆབས་ཅིག་གཟུགས་མེད་རིག་གནས་ཤུལ་བཞག་གི་དངོས་མང་བཤམས་སྟོན་ཁང་ལ་ལྟ་སྐོར་དུ་ཁྲིད་པ་རེད།

རྫོང་གྲོང་ཁུལ་སློབ་ཆུང་དུ་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་སློབ་གྲྭར་སྤེལ་བའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར་རྫོང་དེའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཕུལ་བྱུང་གིས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཁྲོད་སྣ་མང་ཕུན་སུམ་ཚོགས་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་འགྲེམས་སྟོན་བྱས་ནས་དགེ་སློབ་ཚོར་གསེར་རྟའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པར་བྱས།

དེ་དང་ཆབས་ཅིག་གསེར་རྟ་ཐང་ཆེན་དུ་གཟུགས་མེད་རིག་གནས་ཤུལ་བཞག་གི་མ་ལག་སྲུང་སྐྱོང་ལ་ཤུགས་བསྣན་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བསྐུལ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཟུགས་མེད་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་འཁྲབ་བྱེད་སྒོ་སྤེལ། བྱེད་སྒོ་དེ་འགྲེམས་བྱང་སྒྲིག་འཇོག་དང་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ། བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་འགྲོ་འོང་བྱེད་མཁན་གྱི་མང་ཚོགས་དང་ཡུལ་སྐོར་བར་རྩིད་པ་དང་བལ་གྱི་འཐག་རྩལ། གླིང་སྒྲུང་ཚོན་བྲིས་རྡོ་བརྐོས། བོད་རིགས་ཀྱི་རྒྱན་གོས་བཟོ་སྟངས། ཁྲོན་ནུབ་བོད་རིགས་ཀྱི་གླུ་གཞས་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལེ་ཚན་དང་རིག་གནས་གསར་གཏོད་ཐོན་རྫས21འགྲེམས་སྟོན་བྱས་པ་རེད། ལྟད་མོ་བས་ད་དུང་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཚོར་ཡུལ་དངོས་ནས་འདེམས་ཤོག་འཕངས་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་དྲིལ་བསྒྲགས་ཕོ་ཉ་དྲུག་བདམས་པ་རེད།

ཉེ་བའི་ལོ་ཤས་རིང་། གསེར་རྟ་རྫོང་གིས་གཟུགས་མེད་རིག་གནས་ཤུལ་བཞག་སྔོག་འདོན་དང་འཐུས་ཚང་།དར་སྤེལ་བཅས་ལ་གཞོལ་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་མང་ཚོགས་དེ་བས་མང་བས་གསེར་རྟའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་གནས་ཤེས་རྟོགས་ཐུབ་པ་བྱས་ནསསྲོལ་རྒྱུན་རིག་གནས་་ཕུལ་བྱུང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་དང་འཛམ་གླིང་གི་ཕྱོགས་སུ་སྐྱོད་ཐུབ་པ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་སྔར་རྫོང་དེར་གཟུགས་མེད་རིག་གནས་ཤུལ་བཞག་ཁག33དང་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ99ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་བརྒྱུད་འཛིན་པ3དང་ཞིང་ཆེན་རིམ་པའི་བརྒྱུད་འཛིན་པ10དང་། ཁུལ་རིམ་པའི་བརྒྱུད་འཛིན་པ37དང་། རྫོང་རིམ་པའི་བརྒྱུད་འཛིན་པ49བཅས་ཡོད་པ་དང་། རྫོང་ཡོངས་སུ་རིག་དངོས་སྲུང་སྐྱོང་བྱ་ཡུལ་ཁག68ཡོད་པའི་ནང་ཞིང་ཆེན་རིམ་པ6དང་ཁུལ་རིམ་པ8དང་། རྫོང་རིམ་པའི54བཅས་ཡོད་པ་རེད།། 

( རྟ་མགྲིན་རྡོ་རྗེས་བསྒྱུར། )


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གི་འབུམ་ཤོག་བཅོ་བརྒྱད་པའི་ས་དོང་ཁྱུ་ཚོགས་གནའ་ཤུལ་ལྗོངས་ཁུལ་རྒྱལ་ཁབ་རིམ་པའིAབཞི་ཡུལ་སྐོར་ལྗོངས་ཁུལ་དུ་རིམ་པ་སྤར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།