ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དཔེ་རྙིང་བྱ་གཞག་འཕེལ་བར་བསྐུལ།

        2023-07-10

རང་ཁུལ་གྱིས་དུས་རབས་གསར་པའི་དཔེ་རྙིང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་།

གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེར་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློ་ལྡན་ཡོད། ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་ས་གནས་ཀྱི་དོན་དངོས་དང་ཁྱད་ལྡན་ཐོན་ཁུངས་ལ་གཞིགས་ཏེ་ཏང་ཨུས་འགོ་ཁྲིད་པ་དང་། ཆེད་མངགས་སྒྲིག་གཞིས་ཞིབ་ཕྲའི་འགན་འཁུར་བ། སྤྱི་ཚོགས་ཡོངས་ཀྱིས་མཐུན་སྦྱོར་ངང་སྐུལ་བ་བཅས་ཀྱི་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དུས་རབས་གསར་པའི་དཔེ་རྙིང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་རེད། གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་བྱ་གཞག་འཕེལ་བར་བསྐུལ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱས་ཡོད།

དཔེ་རྙིང་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་དང་སྒྲིག་འཛུགས་མཐུན་སྦྱོར་ལས་དོན་ལ་ཤུགས་རྒྱག་ཆེད།རང་ཁུལ་གྱིས་ཁུལ་ཨུའི་ལས་བགོས་དོ་དམ་འགོ་ཁྲིད་ཀྱིས་ཚོ་དཔོན་གྱི་འགན་འཁུར་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་བགོས་དོ་དམ་གྱིས་དྲུང་ཆེན་གཞོན་པའི་འགན་ཁུར་བ། ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། ཁུལ་བོད་རིག་པའི་ཞིབ་འཇུག་སུའོ་ཡི་འགན་འཁུར་བ་བཅས་ཀྱིས་ཚོ་དཔོན་གཞོན་པའི་འགན་ཁུར་བ། འབྲེལ་ཡོད་སྡེ་ཚན་གྱི་ལས་བགོས་མགོ་ཁྲིད་ཁོངས་མི་བྱས་ཏེ་དཔེ་རྙིང་སྲུང་སྐྱོང་བེད་སྤྱོད་དང་། ས་མིང་རིག་གནས་འགྲེལ་བཤད། དགོན་སྡེའི་གསར་བརྗེའི་ཡིག་ཚགས་འཚོལ་བསྡུ་ལེགས་སྒྲིག་སོགས་འགན་འཁྲི་གཙོ་བོར་བྱེད་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་ཡོད།

དཔེ་རྙིང་ལས་དོན་སྤེལ་ས་གཙོ་བོའི་ནུས་པ་ཆེ་རུ་གཏོང་ཆེད། ཁུལ་མི་རིགས་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་མི་རིགས་དཔེ་རྙིང་འཚོལ་བསྡུ་དང་། ལེགས་སྒྲིག། དཔེ་སྐྲུན་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་འགན་འཁུར་བ་དང་འབྲེལ་གྲངས་ཉུང་མི་རིགས་དཔེ་རྙིང་ལེགས་སྒྲིག་ལས་དོན་གཞུང་ལས་ཁང་བཙུགས་ནས་ཆེད་མངགས་བྱ་གཞག་སྒྲིག་ཁོངས་ལ་ཞིབ་བཤེར་གཏན་འཁེལ་དང་ཆེད་ལས་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་མྱུར་སྐྱོབ་དང་།འཚོལ་བསྡུ།ལེགས་སྒྲིག། སྲུང་སྐྱོབ།རྩོམ་སྒྲིག་བཅས་ཀྱི་ལས་དོན་གྱི་ཞིབ་ཕྲའི་འགན་འཁུར་རྒྱུ་རེད། དུས་མཉམ་དུ་དཔེ་རྙིང་ལས་དོན་འཚོལ་བསྡུ་དང་།སྲུང་སྐྱོབ།ཞིབ་འཇུག་བེད་སྤྱོད་བཅས་ཀྱི་འབྲེལ་མཐུད་ལ་ཤུགས་བརྒྱག་རྒྱུར་སྣང་ཆེན་བྱས་ཏེ་ཁུལ་ཨུ་སྒྲིག་ཁོངས་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་དཔེ་རྙིང་དོ་དམ་གཞུང་དོན་ཁང་དང་བོད་རིག་པའི་ཞིབ་འཇུག་སུའོ་ཡིས་འབྲེལ་མཐུད་བྱས་ནས་ཐོན་ཁུངས་ཕན་ཚུན་བེད་སྤྱོད་དང་མི་སྣ་ཕན་ཚུན་སྤེལ་རེས་བྱ་རྒྱུར་བསྐུལ་ནས་བོད་རིག་པའི་རིགས་གཅིག་མཁས་ཅན་གྱིས་དཔེ་རྙིང་ཐོན་ཁུངས་ཀྱི་ཚེ་སྲོག་སྐུལ་སློང་གི་ནུས་པ་འདོན་སྤེལ་བྱས་ཡོད།

དེ་དང་ཆབས་ཅིག་འགན་ནུས་སྡེ་ཚན་ཁག་གི་འགན་འཁྲི་ནན་དུ་བཏང་ནས་རིག་གནས་དང་།རྒྱང་བསྒྲགས།ཡུལ་སྐོར།སློབ་གསོ།འཐབ་ཕྱོགས་གཅིག་གྱུར།མི་རིགས་ཆོས་ལུགས་སོགས་སྡེ་ཚན་གྱིས་འགན་འཁྲིའི་ཁྱབ་ཁོངས་ནང་གི་དཔེ་རྙིང་སྲུང་སྐྱོབ་དང་།ལེགས་སྒྲིག་ཞིབ་འཇུག། རྩོམ་སྒྲིག་དཔེ་སྐྲུན་སོགས་ཀྱི་འགན་ནུས་འདོན་སྤེལ་བྱས་པ་དང་། རིག་དངོས་གནའ་རྫས་རྟོག་ཞིབ་དང་། ཆོས་ལུགས་བོད་རིག་པ།ཡིག་ཚགས་དཔེ་དེབ་སོགས་ཁྱབ་ཁོངས་ཀྱི་དཔེ་རྙིང་ལས་དོན་ཁྲོད་ཀྱི་ཞབས་ཞུའི་ནུས་པ་འདོན་སྤེལ་བྱེད་པ། རྩ་འཛུགས་དང་།མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་།ནོར་སྲིད་སོགས་སྡེ་ཚན་གྱིས་དཔེ་རྙིང་ལས་དོན་གྱི་འགན་ལེན་དང་།ནང་བསྟན་མཐུན་ཚོགས།ཞིང་ཆེན་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་ཁང་སོགས་སྡེ་ཚན་ཞུགས་པའི་ནུས་པ་འདོན་སྤེལ་བྱས་ཏེ་སྡེ་ཚན་གྱིས་རང་འགན་རང་འཁུར་དང་ཕན་ཚུན་མཉམ་འགུལ་བྱེད་པའི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་སྤྱི་ཚོགས་ལས་རིགས་ཁག་གིས་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་བྱ་གཞག་འཕེལ་རྒྱས་ལ་ཧུར་ཐག་ཞུགས་པ་དང་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་བཏོད་ཡོད།།

(ཀུན་དགས་བསྒྱུར།)


  • ལེ་ཚན་སྔོན་མ།:མཐུན་སྒྲིལ་གྱི་མེ་ཏོག་ལས་བདེ་སྐྱིད་ཀྱི་འབྲས་བུ་ཐོན།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་འགྲེམས་ཁང་དུ་ནུས་རྒྱུའི་ཐོན་ཁུངས་བཟང་ཤོས་ཀྱི་བཀྲག་མདངས་འཚེར།
  • དོ་སྣང་ཆེ་བའི་རྩོམ།