ཧྲེན་དབྱང་གིས་གངས་དཀར་རྟགས་མའི་རྐང་གྲུག་གདན་ཞུ་འགྲན་བསྡུར་ལ་ཞུགས་མཁན་གྲོང་ཁྱེར་དང་ཁུལ་གྱི་སྣེ་ཁྲིད་པར་མཇལ་འཕྲད་གནང་ཞིང་རྐང་གྲུག་པ་དང་སྦྱོང་ཁྲིད་པ་ལ་འཚམས་འདྲི་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2023-07-12

ཧྲེན་དབྱང་གིས་གངས་དཀར་རྟགས་མའི་རྐང་གྲུག་གདན་ཞུ་འགྲན་བསྡུར་ལ་ཞུགས་མཁན་གྲོང་ཁྱེར་དང་ཁུལ་གྱི་སྣེ་ཁྲིད་པར་མཇལ་འཕྲད་གནང་ཞིང་རྐང་གྲུག་པ་དང་སྦྱོང་ཁྲིད་པ་ལ་འཚམས་འདྲི་གན
ཧྲེན་དབྱང་སོགས་ཁུལ་མགོ་ཁྲིད་དང་རང་ཁུལ་གྱི་རྐང་གྲུག་འགྲན་ཞུགས་པ་ཚོའི་མཉམ་པར།

སྤྱི་ཟླ7པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་ས་ཁུལ་བར་གྱི་གངས་དཀར་རྟགས་མའི་ན་གཞོན་རྐང་གྲུག་གདན་ཞུའི་འགྲན་བསྡུར་ལ་ཞུགས་མཁན་ཤན་འབྱེད་པ་དང་། འགྲན་བསྡུར་ལ་ཞུགས་མཁན་འཐུས་མི་ཚོགས་པའི་ཚོགས་གཙོ། སྣེ་ཁྲིད་པ་བཅས་ལ་མཇལ་འཕྲད་གནང་བ་དང་། གྲོང་ཁྱེར་དང་ཁུལ་ཁག་གི་འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་དང་སྦྱོང་འཁྲིད་པར་དགའ་བསུ་ཞུས་པར་མ་ཟད། ཁོ་ཚོ་བརྒྱུད་དེ་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་གྱིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

2023ལོའི་གངས་དཀར་རྟགས་མའི་ས་ཁུལ་བར་གྱི་ན་གཞོན་རྐང་གྲུག་གདན་ཞུ་འགྲན་བསྡུར་སྐབས་དང་པོ་སྤྱི་ཟླ7པའི་ཚེས8ནས15ཉིན་གྱི་བར་མཛའ་གཞས་ཆོལ་ཁ་དར་མདོར་སྤེལ་བ་རེད། བོད་ལྗོངས་དང་མཚོ་སྔོན། ཡུན་ནན། ཀན་སུའུ། སི་ཁྲོན་བཅས་ནས་ཡོང་བའི་འགྲན་ཞུགས་རུ་ཁག་དགུ་ཡིས་མཐོ་སྒང་གི་འགྲན་རར་ན་གཞོན་རྐང་གྲུག་གི་ཡིད་དབང་འཕྲོག་ཤུགས་དང་སྤྲོ་སེམས་ངོམས་པ་རེད།

ཧྲེན་དབྱང་གིས་རྐང་གྲུག་ནི་འཛམ་གླིང་དུ་ཆེས་དགའ་བསུ་ཐོབ་པ་དང་རྒྱ་ཁྱབ་ཏུ་སོང་བའི་ལུས་རྩལ་གྱི་གྲས་ཤིག་ཡིན། གངས་དཀར་རྟགས་མའི་ས་ཁུལ་བར་གྱི་ན་གཞོན་རྐང་གྲུག་གདན་ཞུ་འགྲན་བསྡུར་སྐབས་དང་པོ་སྤེལ་བའི་དམིགས་ཡུལ་ནི་མི་རིགས་ཁག་བར་སྤེལ་རེས་དང་མཉམ་འདྲེས་ཀྱི་འབྲེལ་ཐག་བརྟན་པོ་བཙུགས་ནས་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་དྲིན་ཚོར་ཡར་བརྩོན་གྱི་ཉམས་འགྱུར་མངོན་པ་དང་། སྤུན་ཟླའི་གྲོང་ཁྱེར་དང་ཁུལ་བར་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཐུན་མོང་མཇལ་འཕེལ་རྒྱས་གཏོང་བ་བཅས་ཀྱི་ལས་སྟེགས་ཤིག་གཏོད་རྒྱུ་ཡིན་ཞིང་། འགྲན་ཞུགས་རུ་ཁག་གིས་མཛའ་གྲོགས་འགྲན་བསྡུར་ཨང་དང་པོར་གཞག་རྒྱུར་གཞིགས་ནས་འགྲན་བསྡུར་གྱི་ཉམས་འགྱུར་དང་འགྲན་བསྡུར་གྱི་ཆུ་ཚད། འགྲན་བསྡུར་གྱི་བསམ་ཕྱོགས་བསྟན་ནས་རྐང་གྲུག་གི་ཉམས་འགྱུར་མངོན་པར་བྱས་ཏེ་ལུས་རྩལ་གྱི་སྙིང་སྟོབས་མཚོན་དགོས། དཀར་མཛེས་ཁུལ་ནི་མགྲོན་བདག་ཡིན་པའི་ཆ་ནས་མགྲོན་པོར་དགའ་བསུ་དང་ཞབས་ཞུ་གང་ལེགས། ཡ་རབས་ཁེངས་ཆུང་བཅས་ཀྱི་ཐོག་ནས་ཉེན་མེད་དང་གོ་རིམ་ལྡན་པའི་ཁོར་ཡུལ་བསྐྲུན་ཏེ་གངས་དཀར་རྟགས་མའི་རྐང་གྲུག་འགྲན་བསྡུར་མཐོ་སྒང་གི་ལུས་རྩལ་འགྲན་བསྡུར་རྩེར་གྲ་ཞིག་ཏུ་འགྱུར་བ་བྱ་དགོས་ཞེས་གསུངས་པ་རེད།

ཁུལ་མགོ་ཁྲིད་ཝང་ཡུས་ཆུང་དང་ཡོན་མིང་ཀོང་། ཁྲའོ་ཞ། ཧོ་ཞའོ་ཕིང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་མཇལ་འཕྲད་དུ་ཞུགས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ལོ་སྟོད་དུ་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་དུང་ཕྱུར17.7 སྐྱེལ་འདྲེན་བྱས།
  • ལེ་ཚན་རྗེས་མ།:2023ལོའི་གངས་དཀར་རྟགས་མའི་ས་ཁུལ་བར་གྱི་ན་གཞོན་རྐང་གྲུག་གདན་ཞུ་འགྲན་བསྡུར་སྐབས་དང་པོ་དར་མདོར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།