ལོ་སྟོད་དུ་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་དུང་ཕྱུར17.7 སྐྱེལ་འདྲེན་བྱས།

    མི་དམངས་ཉིན་རེའི་ཚགས་པར་ལས་དྲངས།    2023-07-12

སྤྱི་ཟླ་བཞི་པ་དང་། ལྔ་པ། དྲུག་པ་བཅས་ལ་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་བ7པའི་ཚེས9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར17.7སྐྱེལ་འདྲེན་བྱས་ཤིང་། དེའི་ནང་ཟླ4པ་དང5པ། 6པ་བཅས་ལ་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་ནས2019ལོའི་དུས་མཚུངས་ལས་བརྒྱ་ཆ7.6དང་། 5.6 4.8བཅས་སོ་སོར་འཕར་བ་དང་། ཟླ4ཚེས29ཉིན་འགྲུལ་པ་མི་ཐེངས་ཁྲི1966.1སྐྱེལ་འདྲེན་བྱས་ནས་ལྕགས་ལམ་གྱིས་ཉིན་གཅིག་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

“ལོ་སྟོད་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོ་དང་ལེགས་སུ་ཕྱིན་པ་དང་ཆབས་ཅིག ལྕགས་ལམ་གྱི་འགྲུལ་རྒྱུན་སླར་གསོ་རང་བཞིན་གྱི་འཕར་བའི་རྣམ་པ་ཐོན་ཡོད། ལྕགས་ལམ་སྡེ་ཚན་གྱིས་ཁྲོམ་རའི་དགོས་མཁོ་དང་འཚམ་པ་བྱས་ཏེ་སྐྱེལ་འདྲེན་སྒྲིག་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་པའི་ངང་འགྲུལ་སྐྱེལ་རླངས་འཁོར་གཏོང་བའི་ཇུས་གཞི་བཟོ་བ། དུས་ཆེན་དང་ངལ་གསོའི་སྐབས་འགྲུལ་པ་གཅིག་སྡུད་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱེད་པ། དམངས་ཕན་ཞབས་ཞུའི་བྱ་ཐབས་གསར་པ་མུ་མཐུད་ཁྱབ་གདལ་གཏོང་བ་བཅས་བྱས་ནས་འགྲུལ་པ་བདེ་འཇགས་དང་། གོ་རིམ་ལྡན་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་སྒོ་ནས་འགྲོ་སྐྱོད་ཐུབ་རྒྱུ་འགན་ལེན་བྱས་ཡོད”ཅེས་རྒྱལ་ཁབ་ལྕགས་ལམ་ཚོགས་པ་འགྲུལ་སྐྱེལ་པུའི་འགན་འཁུར་བས་བཤད།

འགྲུལ་པ་མང་བའི་སྐབས་ཀྱི་འགྲོ་སྐྱོད་དགོས་མཁོ་སྔར་བཞིན་སྐོང་དགོས་ཤིང་། རྒྱལ་ཁབ་ལྕགས་ལམ་ཚོགས་པས་སྔོན་དཔག་བྱས་པར་གཞིགས་ན། སྤྱི་ཟླ7པའི་ཚེས1ཉིན་ནས་སྤྱི་ཟླ8པའི་ཚེས31ཉིན་བར་དབྱར་གསེང་གི་སྐྱེལ་འདྲེན་བྱེད་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར7.6སྐྱེལ་འདྲེན་བྱས་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི1200ཡན་སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་དེ2019ལོའི་དུས་མཚུངས་ལས་ཆེས་ཆེར་འཕར་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་མི་སྒེར་དང་ཐུན་མོང་འདི་དག་ལ་གཟེངས་རྟགས་ཐོབ།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་གངས་དཀར་རྟགས་མའི་རྐང་གྲུག་གདན་ཞུ་འགྲན་བསྡུར་ལ་ཞུགས་མཁན་གྲོང་ཁྱེར་དང་ཁུལ་གྱི་སྣེ་ཁྲིད་པར་མཇལ་འཕྲད་གནང་ཞིང་རྐང་གྲུག་པ་དང་སྦྱོང་ཁྲིད་པ་ལ་འཚམས་འདྲི་གན
  • དོ་སྣང་ཆེ་བའི་རྩོམ།