ཐང་ག་ཆེན་པོ《གསར་བརྗེའི་གཟི་འོད་གངས་ལྗོངས་ཡུལ་ལ་འཕྲོས》ཞེས་པའི་བརྩམས་ཆོས་འགྲེམས་སྟོན་བྱས།

ཀུན་དགའ་བསམ་གཏན་གྱིས་བསྒྱུར།        2023-07-12

དཀར་མཛེས་ཁུལ་དུ་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་སྙན་ངག་སླར་ཡང་བརྩམས།

ཐང་ག་ཆེན་པོ《གསར་བརྗེའི་གཟི་འོད་གངས་ལྗོངས་ཡུལ་ལ་འཕྲོས》ཞེས་པའི་བརྩམས་ཆོས་འགྲེམས་སྟོན་བྱས།
ཐང་ག་ཆེན་པོ《གསར་བརྗེའི་གཟི་འོད་གངས་ལྗོངས་ཡུལ་ལ་འཕྲོས》ཞེས་པའི་ནང་གི་དམར་དམག་གིས་ལྕགས་ཟམ་འཕྲོག་པའི་ཚུལ།

པར་རིས་ཁག16དང་། གཏམ་རྒྱུད་ཁག32མི་སྣའི་གཟུགས་བརྙན1415ཉིན་མཚན600ལྷག་གི་རི་མོ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་ལ་བརྟེན་ནས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བའི་ལམ་ལུགས་ཆེན་པོ་ཞིག་བཙུགས་ཡོད། དཀར་མཛེས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་སྤེལ་ནས་ལོ་གཅིག་འཁོར་བའི་སྐབས་དང་འཁེལ་བའི《གསར་བརྗེའི་གཟི་འོད་གངས་ལྗོངས་ཡུལ་ལ་འཕྲོས》ཞེས་པ་བྲག་མགོ་རྫོང་ནམ་མཁའ་རྒྱན་གྱི་རི་མོ་མཁས་ཅན20ལྷག་གིས་སེམས་ནུས་གཅིག་སྒྲིལ་ངང་བྲིས་པའི་བརྩམས་ཆོས་དངོས་སུ་ལེགས་གྲུབ་བྱུང་ཡོད་པས་འདི་ནི་ད་ལྟ་སྐྲུན་བཞིན་པའི་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཡུལ་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།

བྲག་མགོ་རྫོང་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་གཡང་སྐྱིད་ཀྱིས་གསར་བརྗེའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྩ་བ་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཕ་སར་ཟུག་ཡོད་པ་དང་། དེའི་ནང་དུ་གསར་བརྗེའི་རིག་གནས་འདུས་ཡོད། དེས་ཀྲུང་ཧྭའི་རིག་གནས་ཁྲོད་ཀྱི་སྔོན་ཐོན་དང་ཕུལ་བྱུང་གི་ཆ་ཤས་མཚོན་གྱི་ཡོད།དམར་དམག་རྒྱང་སྐྱོད་ནི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་འཛད་མཐའ་མེད་པའི་འབྱུང་ཁུངས་ཤིག་ཡིན། བྲག་མགོ་ནི་དེ་སྔའི་དམར་དམག་རྒྱང་སྐྱོད་སྐབས་བརྒྱུད་མྱོང་བའི་ས་ཆ་ཞིག་ཡིན་ལ། ནམ་མཁའ་རྒྱན་ཐང་ག་བཞེངས་མཁན་གྱི་ཕ་ཡུལ་ཡང་ཡིན།བྲག་མགོ་རྫོང་གིས་ཐང་ག་བཞེངས་མཁན་སྒྲིག་འཛུགས་བྱས་ཏེ་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་རྣམ་པའི་ཐོག་ནས་དམར་དམག་རྒྱང་སྐྱོད་དཀར་མཛེས་སུ་སྐྱོད་པའི་བྱས་རྗེས་རླབས་པོ་ཆེ་མངོན་གྱི་ཡོད།དེའི་དམིགས་ཡུལ་ནི་སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་རེད་ཅེས་བཤད།

གཟུགས་མེད་རིག་གནས་ཤུལ་བཞག་གི་གསར་གཏོད་བརྩམས་ཆོས་དེའི་རིང་ཚད་ལ་སྨི6.45དང་ཞེང་ཚད་ལ་སྨི1.65ཡོད་པའི་རི་མོའི་རས་ཆའི་ཐོག་ལོ80ལྷག་གི་གོང་ན་དཀར་མཛེས་མཐོ་སྒང་དུ་ཐོན་པའི་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་སྙན་ངག་གི་རྣམ་པ་མངོན་ཡོད། དེ་མིན་ལྕགས་ཟམ་ཟམ་པ་དང་། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་བར་གྱི་མཛའ་གྲོགས་ཟབ་མོ་སོགས་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོའི་ཐོག་མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་བྱེད་པའི་རྣམ་པ་མངོན་ཡོད།

ལོ་གཅིག་ཟླ་བ་བདུན་རིང་འབད་བརྩོན་བྱས་པའི་བརྩམས་ཆོས་འདིའི་ནང་དམར་དམག་རྒྱང་སྐྱོད་ཀྱི་ལམ་རྒྱུད་རང་ཁུལ་གྱི་རྫོང(གྲོང་ཁྱེར)15ཡི་རྗེས་ཤུལ་གཞི་རྩའི་ཆ་ནས་མངོན་ཡོད། ཚང་མས་ཤེས་གསལ་ལྟར་བརྗོད་དོན་གཙོ་བོའི་རྣམ་པ་ཕུད་ད་དུང་མགར་ཐར་གྱི་གཞོན་ནུ17དམར་དམག་ནང་ཞུགས་པ་དང་། དམར་དམག་སྨ་ར་ཅན་དང་གཡུ་ཧོར་ཚང་། དཔའ་བོ་བདུན་པོས་གོ་མིན་ཏང་གི་དམག་འཇོམས་པ། ཕྱུགས་ལྷས་འགྲམ་གྱི་ཀྲི་པུའུ་གྲོས་ཚོགས་སོགས་ཀུན་གྱིས་ཤེས་པའི་ལོ་རྒྱུས་ཀྱི་དྲན་འཆར་མཚོན་ཡོད། དེའི་ཐོག་ནས་བོད་རིགས་རི་མོ་མཁས་ཅན་གྱིས་རྒྱང་སྐྱོད་སྙིང་སྟོབས་ལ་བཅངས་པའི་ཐུན་མོང་མ་ཡིན་པའི་ལྟ་སྟངས་མཚོན་པར་མ་ཟད། དུས་རབས་གསར་པའི་དཀར་མཛེས་རིག་རྩལ་ལས་དོན་པའི་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཀྱང་མངོན་ཡོད།

ལེ་དབར་ཁྲི་ཡི་རྒྱང་སྐྱོད་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད། ལོ་ངོ་སྟོང་གི་སྒྱུ་རྩལ་ནམ་ཡང་རྒྱུན་འཛིན་ཐུབ་ཡོད། ནམ་མཁའ་རྒྱན་ལུགས་ཀྱི་ཐང་གའི་སྒྱུ་རྩལ་གྱི་རྒྱུན་འཛིན་པ་མི་རབས་དགུ་པ་གཡུང་དྲུང་ནོར་བུས《གསར་བརྗེའི་གཟི་འོད་གངས་ལྗོངས་ཡུལ་ལ་འཕྲོས》ཞེས་པའི་ཐང་ག་ཆེན་པོ་བྲིས་པ་དེ་ནི་ང་ཚོའི་ལག་ནང་གི་རི་མོ་འབྲི་བྱེད་དང་རང་ཉིད་ཀྱིས་དགའ་པོ་བྱེད་པའི་མི་རིགས་རིག་གནས་སྒྱུ་རྩལ་གྱི་མཚོན་ཐབས་ལ་བརྟེན་ནས་རྒྱང་སྐྱོད་ལ་རྗེས་དྲན་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཏེ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དང་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་མཉམ་འདྲེས་རྒྱུན་འཛིན་བྱས་པ་ཡིན། རི་མོ་འདི་ནི2024ལོར་དམར་དམག་རྒྱང་སྐྱོད་བྱས་ནས་ལོ90འཁོར་བ་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ97འཁོར་བར་དྲན་གསོ་ཞུ་བའི་ལེགས་སྐྱེས་ཤིག་ཡིན་ལ།གནའ་བོའི་ཐང་གའི་སྒྱུ་རྩལ་ལ་ནང་དོན་གསར་པ་བསྣན་ཆེད་ཀྱང་ཡིན་ཞེས་བཤད།

ཐང་ག་དེའི་ཁྲོད་ད་དུང་ཀྲུང་གོ་བཟོ་ཞིང་དམར་དམག་གིས1935ལོའི་ཟླ་བ5པ་ནས1936ལོའི་ཟླ་བ7པའི་བར་གྱི་ཟླ་བ15ཡི་དུས་ཚོད་ནང་རང་ཁུལ་གྱི་ས་ཁོངས་ནང་དམག་འཐབ་དང་།དམག་སྐྱོད།ངལ་གསོ་དང་སྦྱོང་བརྡར།གསར་བརྗེའི་ས་བོན་བཏབ་པ་དང་།ཏང་དང་དམར་དམག་གི་ཤུགས་རྐྱེན་ཆེ་རུ་གཏོང་བ།ཏང་དང་མི་དམངས་མང་ཚོགས་བར་གྱི་འོ་ཆུ་ལྟ་བུའི་འབྲེལ་བ་བརྟན་དུ་གཏོང་བ་སོགས་རྒྱ་ཁྱབ་ཏུ་སྤེལ་བའི་རྣམ་པ་བཀོད་ཡོད།

རི་མོའི་ནང་དོན་ལ་ཕྱོགས་གང་ཐད་ནས་བལྟས་ཀྱང་གསར་གཏོད་བྱེད་མཁན་ཚོས་གསར་བརྗེའི་ལོ་རྒྱུས་ལ་གུས་བཀུར་བྱེད་པ་མཚོན་ཡོད། བཟོ་རྩལ་ཐད་གཡུང་དྲུང་ནོར་བུས་སྤོབས་པ་ཆེན་པོས་སྔར་རྒྱུན་བཞིན་ནམ་མཁའ་རྒྱན་ལུགས་ཀྱི་ཐང་གའི་སྒྱུ་རྩལ་གྱི་འབྲི་ཐབས་དང་རི་མོའི་ཉམས་འགྱུར་རྒྱུན་འཛིན་བྱེད་ཀྱི་ཡོད་ཅེས་བཤད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ནམ་མཁའ་རྒྱན་ལུགས་ཀྱི་ཐང་ག་ནི་ལུགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ལ་པར་རིས་ཀྱི་རིམ་པ་ནི་དེ་བས་ཕུན་སུམ་ཚོགས་པ་དང་དེ་བས་སྤུས་ལེགས་པ་ཡོད།

དེ་དང་ཆབས་ཅིག་ཐང་ག་དེ་འབྲི་བའི་བརྒྱུད་རིམ་ནང་རྒྱ་རིགས་ཀྱི་སྲོལ་རྒྱུན་རི་མོ་འབྲི་བའི་ལག་རྩལ་དང་གོ་དོན་མཉམ་འདྲེས་བྱས་ཡོད། རི་མོ་དེའི་ནང་སྔོ་ལྗང་རི་ཀླུང་རི་མོའི་ཉམས་འགྱུར་དང་།ད་དུང་སྐྱ་ཀ་དང་ཁམ་བུ་སོགས་རྒྱ་རིགས་ཀྱི་རིག་གནས་གཞི་རྒྱུ་བེད་སྤྱོད་བྱས་པ་དེས་དམར་དམག་སླེབས་ནས་དཀར་མཛེས་ཁུལ་གྱི་མི་དམངས་ལ་སྤྲོ་སྣང་དང་།བཀྲ་ཤིས།བདེ་སྐྱིད།བྱ་བཟང་བཅས་སྦྱིན་པའི་མཚོན་རྟགས་ཀྱི་དོན་སྙིང་མངོན་གྱི་ཡོད།ཐང་ག་བཞེངས་མཁན་ཚོའི་སེམས་ལ་ཟུག་པའི་གསར་བརྗེའི་རྩ་བའང་ཕན་ཚུན་བར་དུ་གནས་ཡོད།

ལྷག་པར་དུ་བརྗོད་རིན་ཡོད་པ་ཞིག་ནི་ཀྲུང་གོའི་བཟོ་ཞིང་དམག་གི་རྒྱལ་དར་དེ་རི་མོ་ཧྲིལ་པོའི་ཁྲོད་དུ་ཧ་ཅང་མཐོ་ས་དང་རིག་སར་བཀོད་པ་དང་།པར་རིས་ཀྱི་རྣམ་པ་རེ་རེ་དང་གཏམ་རྒྱུད་ཀྱི་དུམ་བུ་རེ་རེའི་ཁྲོད་དུ་བཀྲག་མདངས་འཚེར་བའི་དམར་པོ་རེ་ཡོད་པས་རི་མོ་ཆེན་པོ་དེ་དག་ཁག་སོ་སོའི་བར་འབྲེལ་བ་དམ་ཟབ་དང་གཅིག་གྱུར་དམ་ཟབ་བྱུང་ཡོད། གཡང་སྐྱིད་ཀྱིས་བྲག་མགོ་རྫོང་གིས་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་བྲག་མགོའི་དུམ་བུ་འཛུགས་སྐྲུན་ལ་ཤུགས་ཡོད་རྒུས་སྐུལ་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད། གསར་གཏོད་དེ་ནི་ལྟ་མཁན་ཚོར་སྐལ་བཟང་མེ་ཏོག་ཉི་འོད་ཕྱོགས་སུ་ཕྱོགས་པ་སྟེ་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་པོ་ཞིག་སྐུལ་ཐུབ་པའི་ཆེད་དུ་ཡིན་ཞེས་བཤད་པ་རེད།

རིག་གནས་དར་ན་རྒྱལ་ཁབ་དར། ཕྱིན་ཆད། བྲག་མགོ་རྫོང་གིས་རྒྱང་སྐྱོད་ཀྱི་བརྗོད་དོན་གཙོ་བོའི་གསར་བརྗེའི་ཐང་ག་དེ་གསར་བརྗེའི་དྲན་ཐོ་སྟེ་བྲག་མགོ་རྫོང་གི་གསར་བརྗེའི་གཟུགས་མེད་རིག་གནས་ཤུལ་བཞག་ཡིན་པར་སྤྱད་དེ་ལས་བྱེད་མང་ཚོགས་དང་ས་གནས་ཁག་གི་ཡུལ་སྐོར་བར་གསར་བརྗེའི་གཏམ་རྒྱུད་བརྗོད་དེ་དཀར་མཛེས་ཁུལ་གྱི་གནའ་བོའི་རྒྱུན་འཛིན་ཆེ་ཤོས་དང་ལོ་རྒྱུས་རིང་ཤོས་ལྡན་པའི་ནམ་མཁའ་རྒྱན་ཐང་གའི་སྒྱུ་རྩལ་གྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་ནས་དྭངས་གཙང་ལྷད་མེད་ཀྱི་རིག་རྩལ་མཆོག་ནོར་རྒྱུན་འཛིན་དེ་བས་ལེགས་པ་བྱ་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ནོར་སྲིད་གཏོང་ཡོང་ཕྱེད་གཉིས་བརྒལ་བའི་ལས་འགན་ལེགས་གྲུབ་བྱུང་ཡོད།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་དང་ཐའེ་ཀྲོའུ་གྲོང་ཁྱེར་ལུའུ་ཆའོ་ཆུས་གཉིས་ཀྱིས་སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྤེལ་རེས་བྱས།
  • དོ་སྣང་ཆེ་བའི་རྩོམ།