ལི་ཐང་རྫོང་གིས་བྱིས་པ་ཚོར་མི་རིགས་མཐུན་སྒྲིལ་སློབ་གསོ་སྤེལ།

བདེ་སྐྱིད་ཀྱིས་བསྒྱུར།        2023-07-17

ལི་ཐང་རྫོང་གིས་བྱིས་པ་ཚོར་མི་རིགས་མཐུན་སྒྲིལ་སློབ་གསོ་སྤེལ།

   ཉེ་ཆར། ལི་ཐང་རྫོང་མཐོ་སྒང་གྲོང་རྡལ་བྱིས་པ་ཁང་དུ་མི་རིགས་མཐུན་སྒྲིལ་གྱི་ས་བོན་བྱིས་པའི་སེམས་སུ་བཏབ་ཅེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་བྱེད་སྒོ་སྤེལ་ཞིང་། བྱིས་པས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོར་ཤེས་རྟོགས་བྱ་རྒྱུར་སྔར་བས་ཤུགས་བརྒྱབ་ནས། བྱིས་པ་ཚོས་ཆུང་དུས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་བཅང་ཐུབ་པ་བྱས་པ་རེད།

   བྱེད་སྒོར་དགེ་རྒན་ཚོས་འཛིན་གྲྭ་ཁག་གི་བྱིས་པའི་ལོ་ཚད་ཀྱི་ཁྱད་ཆོས་ལ་གཞིགས་ནས་སྣ་མང་ཕུན་སུམ་ཚོགས་ལ་རྣམ་པ་མང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱིས་པ་རྣམས་ལ་བརྙན་འཕྲིན་དང་པར་རིས་ལྟ་བ་དང་། གཏམ་རྒྱུད་བཤད་པའི་བྱེད་ཐབས་བརྒྱུད་དེ་བྱིས་པ་རྣམས་ལ་ང་ཚོའི་མེས་རྒྱལ་གྱི་སྤྱི་ལེ་གྲུ་བཞི་མ་ཁྲི960ཡི་ས་གཞི་ཆེན་པོར་མི་རིགས་མི་འདྲ་བ56བསྡད་ཡོད་པ་དང་། མི་རིགས་ཁག་གི་མི་དམངས་རྣམས་སྤུན་མཆེད་ལྟར་བརྩེ་དུང་ཟབ་ཅིང་འཆམ་མཐུན་མཉམ་གནས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་པོ་འདི་གྲུབ་ཡོད་པར་ཤེས་རྟོགས་བྱེད་དུ་བཅུག་པ་རེད། མི་རིགས་ཀྱི་གླུ་གཞས་སྦྱོང་བ་དང་རོལ་རྩེད་སྣ་ཚོགས། ས་ཁོངས་བདམས་ནས་ཉམས་ལེན་བྱེད་པ་བཅས་ཀྱི་བྱེད་སྒོ་སྤེལ་བར་བརྒྱུད་བྱིས་པ་ཚོར་མི་རིགས་ཁག་གི་གོམས་སྲོལ་དང་རིག་གནས་མི་འདྲ་བ་རང་བདག་ངང་ཉམས་ལེན་བྱེད་དུ་བཅུག་སྟེ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་བྱིས་པ་ཚོའི་རོལ་རྩེད་བྱེད་སྒོའི་ནང་མཉམ་འདྲེས་ཐུབ་པ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཡོད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼ ༩ ༽
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་ནུས་རྒྱུ་གཙང་མ་སྣ་མང་གསབ་རེས་འཕེལ་རྒྱས་མགྱོགས་སུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།