མཆོད་དབྱངས་པདྨ་དཀར་པོ།

དབྱངས་ཞི་བ།        2023-07-14

གྲུབ་བྱུང་འཛུམ་པ་ཀུན་གསལ་ཆུ་འཛིན་ངོས།།

ཞལ་བཟང་ཁྲོ་བ་འཚམ་སྤྲི་དོན་མཐུན་པ།།

ཤེས་རབ་རྩོལ་མཁས་ཆར་ཆུ་ཀུན་ཕོག་སྤུན།།

ཟབ་རྒྱས་དམ་ཆོས་དབྱར་རྔ་སྒྲོག་ལ་འདུད།།

མཚར་སྡུག་ཆོས་སྐུ་བསིལ་འོད་བཅོས་མ་ཞིག །

འཇིག་རྟེན་འདུལ་བྱེད་འཚེར་འཚེར་འོད་མདངས་ཏེ།།

སྙིགས་མར་གནས་པ་ཀུན་ལ་གསལ་ཞིང་གཡོ།།

འཇམ་འཇམ་དབྱངས་རྟ་བསིལ་བསིལ་ངང་ནས་བཞད།།

དམ་ཆོས་རྒྱ་མཚོ་སྐྲུན་པའི་སྨིག་རྒྱུ་གཡོ།།

འཁོར་ཚོགས་ཉ་ལ་བདུད་རྩི་ལུས་སུ་སྦྱིན།།

ཐུགས་ལ་རྟ་བདུན་འཕྲོས་པའི་འོད་མདངས་བཀྲ།།

ཕྱོགས་ཀྱི་ངང་བ་དགའ་བའི་ཐིག་ལེར་སྨིན།།  • ལེ་ཚན་སྔོན་མ།:ཉི་ནུབ་ཀྱི་འཆར་སྣང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།