རང་ཁུལ་དུ་ཤེས་དཔལ་ལས་ཁུངས་གསར་འཛུགས་སྐོར་གྱི་ཚོགས་འདུ་ཞིག་འཚོགས།

ཨོ་རྒྱན་གྱིས་བསྒྱུར།        2023-07-13

      ཉེ་ཆར། ཁུལ་ཡོངས་ཀྱི་རྒྱལ་ཡོངས་ཀྱི་ཤེས་དཔལ་ལས་ཁུངས་གསར་འཛུགས་ལས་དོན་སྤེལ་རེས་བཞུགས་མོལ་ཚོགས་འདུ་ཁུལ་གནམ་གཤིས་ཅུས་སུ་འཚོགས། ཁུལ་ཡོངས་ཀྱི་རྒྱལ་ཡོངས་ཀྱི་ཤེས་དཔལ་ལས་ཁུངས་སུ་གྱུར་ཟིན་པ་དང་རེ་ཞུ་འདོན་བཞིན་པའི་ལས་ཁུངས9ཡི་འགན་འཁུར་བ་དང་ཁུལ་ཤེས་དཔལ་གཞུང་ལས་ཁང་གི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།

     ཚོགས་ཞུགས་མི་སྣས་ཁུལ་གནམ་གཤིས་ཅུས་ཀྱི་རྒྱལ་ཡོངས་ཤེས་དཔལ་ལས་ཁུངས་སུ་རིམ་སྤོར་གྱི་རྣམ་པ་དང་། ལས་ཁུངས་ཀྱི་རིག་གནས་གསོ་སྦྱོང་དང་། དྲིལ་བསྒྲགས་སློབ་གསོ་བྱེད་ཡུལ། གཟི་བརྗིད་མཚན་སྙན་ཁང་གི་རིག་གནས་འཛུགས་སྐྲུན། ཏང་མིའི་བྱེད་སྒོ་སྤེལ་ཡུལ། ལས་བཟོའི་ཟ་ཁང་སྐྲུན་པ་སོགས་ལ་ལྟ་སྦྱོང་བྱས་པར་མ་ཟད། ཁུལ་གནམ་གཤིས་ཅུས་ཀྱི《གནས་མཆོག་དཀར་མཛེས། གནམ་གཤིས་ཁྲི་སྟོང》ཞེས་པའི་ཆེད་དོན་དྲིལ་བསྒྲགས་ལེ་ཚན་ལ་བལྟས་པ་རེད།

     ལྟ་སྦྱོང་མཇུག་འགྲིལ་རྗེས། ཁུལ་ཤེས་དཔལ་གཞུང་ལས་ཁང་གི་འགན་འཁུར་བས་ཁུལ་གནམ་གཤིས་ཅུས་རྒྱལ་ཡོངས་ཤེས་དཔལ་ལས་ཁུངས་གསར་གཏོད་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ནས་ཁུལ་གནམ་གཤིས་ཅུས་ཀྱིས་འཛུགས་སྐྱོང་བྱེད་ཤུགས་དང་། གཟུགས་བརྙན་མཛེས་ཚད། ཚོར་སྣང་བདེ་དྲོད་བཅས་ཡོད་པའི་ངོས་འཛིན་བྱས་པ་དང་། ཁུལ་གནམ་གཤིས་ཅུས་ཀྱི་མགོ་ཁྲིད་ཚན་ཁག་གིས་རྒྱལ་ཡོངས་ཀྱི་ཤེས་དཔལ་ལས་ཁུངས་གསར་གཏོད་ལས་དོན་ལ་མཐོང་ཆེན་བྱས་པ་དང་། ལས་བྱེད་ལས་བཟོའི་མཐུན་སྒྲིལ་གསར་གཏོད་དང་། བྱ་གཞག་གསར་གཏོད། ལས་ཁུངས་ཀྱི་རིག་གནས་རྣམ་པ་ཟབ་མོ། གནམ་གཤིས་སྙིང་སྟོབས་ཟབ་མོ། ལས་འགན་གཙོ་བོའི་ཕན་འབྲས་མངོན་གསལ་དོད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ལག་ལེན་བསྟར་བ། སྤྱི་ཚོགས་ཀྱི་དང་བླངས་ཞབས་ཞུ་སོགས་ལ་ཤེས་དཔལ་ལས་ཁུངས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་པ་རེད། དེ་རྗེས་ལས་ཁུངས་ཁག་གིས་རྒྱལ་ཡོངས་ཀྱི་ཤེས་དཔལ་ལས་ཁུངས་གཏོད་པའི་ཁྲོད་ཐོབ་པའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་མཉམ་མྱོང་བརྗེ་རེས་ངང་གཏམ་བཤད་བྱས་པ་རེད།

     ཚོགས་འདུར་བསྟན་དོན། རྒྱལ་ཡོངས་ཤེས་དཔལ་ལས་ཁུངས་ནི་ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་རུ་སྣེ་ཁྲིད་མཁན་ཞིག་ཡིན་པས་ལས་ཁུངས་ཁག་གིས་གནས་བབ་མཐོ་རུ་ཏན་ཏིག་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་ལ་ཤུགས་བསྣན་རྒྱུ་ཟུང་འབྲེལ་བྱས་ཏེ་ལས་ཀའི་བསམ་ཕྱོགས་གསར་གཏོད་དང་། ལས་ཀའི་བྱེད་ཐབས་བརྟན་དུ་གཏོང་བ། ལས་དོན་དོན་འཁྱོལ་ནན་པོ་བཅས་བྱ་དགོས། རང་ངོས་ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཁྱད་ཆོས་ལྡན་པའི་ཤེས་དཔལ་གྱི་བྱེད་སྒོ་སྤེལ་ནས་ཁྱད་ཆོས་ལྡན་པ་དང་བཀྲག་མདངས་འཚེར་ས་ཡོད་པའི་གསར་གཏོད་ཉམས་མྱོང་ཞིག་ཆགས་པར་བྱས་ཏེ་གསར་གཏོད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏང་དགོས། ཤེས་དཔལ་སྲོལ་གཏོད་དྲིལ་བསྒྲགས་ལ་ཤུགས་བསྣན་ནས་ཤེས་དཔལ་གཏོད་པའི་རྣམ་པ་ཟབ་མོ་བཏོད་དེ་ཤེས་དཔལ་གྱི་ལག་ལེན་བྱེད་སྒོ་གཞི་རྟེན་དུ་བྱས་ནས་ཤེས་དཔལ་གཏོད་པའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་། ལས་ཁུངས་ཀྱི་གཟུགས་བརྙན་སྔར་བས་ལེགས་སུ་གཏོང་བ། ལས་བྱེད་ལས་བཟོའི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཏན་ཏིག་ནུས་ལྡན་གྱི་གསར་གཏོད་ལས་དོན་ལ་བརྟེན་ནས་དུས་རབས་གསར་པའི་ཁུལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏང་དགོས།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་དང་ཐའེ་ཀྲོའུ་གྲོང་ཁྱེར་ལུའུ་ཆའོ་ཆུས་གཉིས་ཀྱིས་སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྤེལ་རེས་བྱས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼ ༩ ༽
  • དོ་སྣང་ཆེ་བའི་རྩོམ།