སྤྱི་ཟླ7པའི་ཚེས21ཉིན་ལྗོངས་ཁུལ་འདི་སྒོ་འབྱེད་རྒྱུ་རེད།

བདེ་ཆེན་གྱིས་བསྒྱུར།        2023-07-18

  ཉེ་ཆར། དམར་པོ་ཁམས་ཀྱི་ཉག་རོང་དང་ཉག་རོང་གི་བཅུ་གསུམ་དུས་ཆེན་གྱི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཚིགས། མཚལ་རིའི་ལྗོངས་ཁུལ་གྱི་སྒོ་འབྱེད་པའི་འོས་སྦྱོར་འདུ་ཚོགས་ཁྲེང་ཏུའུ་རུ་འཚོགས་པ་རེད། དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་མ་འཇོག་འཕེལ་རྒྱས་ཚོགས་པ་དང་། ཉག་རོང་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་འགན་ཁུར་མི་སྣ་དང་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་ཅུས་སོགས་འབྲེལ་ཡོད་མི་སྣ་རྣམས་བྱེད་སྒོར་ཞུགས་པ་རེད།

སྤྱི་ཟླ7པའི་ཚེས21ཉིན་ལྗོངས་ཁུལ་འདི་སྒོ་འབྱེད་རྒྱུ་རེད།

     འོས་སྦྱོར་འདུ་ཚོགས་ཐོག་ཉག་རོང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་འོས་སྦྱོར་འདུ་ཚོགས་ལ་ཞུགས་མཁན་གྲོགས་པོ་ཚོར་ཉེ་བའི་ལོ་ཤས་རིང་ཉག་རོང་རྫོང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་གཅིག་འདོམས་བྱེད་པའི་ཁྱད་ཆོས་ལེགས་ལྡན་གྱི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་ཁྲོན་བོད་དབུས་ལམ་གྱི་རིག་གནས་ཡུལ་སྐོར་གྱི་ལྟེ་བའི་སྤུས་རྟགས་བཏོད་པ་དང་། Aརིམ་པའི་མཛེས་ལྗོངས་ཁུལ་དང་སྤྲོ་གསེང་ཁུལ། གྲོང་སྡེ་ཡུལ་སྐོར་གྱི་གཙོ་གནད་གྲོང་སྡེ་བཅས་ཁག་གཅིག་བདེ་བླག་ངང་བཏོད་ཡོད་ཅེས་བཤད་པ་རེད། ད་ཐེངས་ཀྱི་དམར་པོ་ཁམས་ཀྱི་ཉག་རོང་དང་ཉག་རོང་གི་བཅུ་གསུམ་དུས་ཆེན་གྱི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཚིགས། མཚལ་རིའི་ལྗོངས་ཁུལ་གྱི་གླིང་སྒོ་འབྱེད་པའི་བྱེད་སྒོ་དེས་ཉག་ཆུའི་གྲོག་རོང་དོག་པོ་བརྒལ་ནས་ཉག་རོང་གི་བཅུ་གསུམ་དུས་ཆེན་འཚོལ་བའི་གཙོ་དོན་བྱས་ཤིང་། རིག་གནས་ཀྱིས་སྟེགས་བུ་བསྐྲུན་པ་དང་རིག་གནས་ཀྱིས་ཡུལ་སྐོར་སྐུལ་འདེད་གཏོང་བ། ཡུལ་སྐོར་གྱི་རིག་གནས་མངོན་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏོང་བ་དམིགས་འབེན་བྱས་ཏེ། འགོ་ཚུགས་མཛད་སྒོའི་ཐོག་རོལ་དབྱངས་ཀྱི་སྟོན་མོ་གཤོམ་རྒྱུ་དང་དམངས་སྲོལ་རྟ་རྒྱུག་འགྲན་སྡུར། བཅུ་གསུམ་དུས་ཆེན་གྱི་སྣང་ཚུལ་མྱོང་ཚོར།  ཁྱད་ལྡན་ཞིམ་ཟས་ཀྱི་བྲོ་བར་མྱོང་རོལ། རྒྱལ་ཁབ་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྐོར་བྲོ་འཁྲབ་པ། མི་རིགས་ཀྱི་གཉེན་སྟོན་འཁྲབ་སྟོན།  ལྗོངས་ཁུལ་གྱི་སྒོ་འབྱེད་པའི་མཛད་སྒོ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

སྤྱི་ཟླ7པའི་ཚེས21ཉིན་ལྗོངས་ཁུལ་འདི་སྒོ་འབྱེད་རྒྱུ་རེད།

      དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་ཚོགས་པའི་འབྲེལ་ཡོད་འགན་ཁུར་བས་འོས་སྦྱོར་ཚོགས་འདུའི་ཐོག་དེ་གར་ཡོད་པའི་སྐུ་མགྲོན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་གདན་ཞུ་བྱས་པ་རེད། ཁོང་གིས་ཉག་རོང་མཚལ་རིའི་ལྗོངས་ཁུལ་ལ་སི་ཁྲོན་ཞིང་ཆེན་ཡུལ་སྐོར་ཐོན་ཁུངས་ཀྱི་རིམ་པ་དཔྱད་བསྡུར་ཆེད་མཁས་པ་ཚོ་ཆུང་གིས་རིམ་པ5ཡི་ཡུལ་སྐོར་ཐོན་ཁུངས་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། མཛེས་ལྗོངས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་རེད། ད་བར་རང་རྒྱལ་གྱི་བོད་འབྲེལ་ས་ཁུལ་དུ་མཐོང་བའི་མཚོ་འཕགས་མཐོ་ཤོས་དང་ས་ཁོངས་རྒྱ་ཆེ་ཤོས་ཀྱི་མཚལ་རིའི་ས་དབྱིབས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། ཉག་རོང་རྫོང་དང་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་ཚོགས་པས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར་ཁ་ཤས་བཏང་ནས་མཚལ་རིའི་ལྗོངས་ཁུལ་དེ་ཁྱད་པར་ཅན་དང་ཉག་གཅིག་རང་བཞིན་གྱི་ཡུལ་སྐོར་གྱི་ཐོན་རྫས་གསར་པ་བཏོན་ཡོད། མིག་སྔའི་བར་ཉག་རོང་མཚལ་རིའི་ལྗོངས་ཁུལ་ཧ་ལམ་བསྐྲུན་ཟིན་པ་དང་། འབྲེལ་ཡོད་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་གཞི་རྩའི་ཆ་ནས་འཐུས་ཚང་དུ་ཕྱིན་ཏེ། 2023ལོའི་སྤྱི་ཟླ7པའི་ཚེས21ཉིན་གཟབ་རྒྱས་ངང་སྒོ་འབྱེད་རྒྱུ་རེད།

སྤྱི་ཟླ7པའི་ཚེས21ཉིན་ལྗོངས་ཁུལ་འདི་སྒོ་འབྱེད་རྒྱུ་རེད།

      སི་ཁྲོན་ཉིན་རེའི་ཚགས་པར་དང་། སི་ཁྲོན་བརྙན་འཕྲིན། ཁམས་པའི་བརྙན་འཕྲིན་སོགས་འཕྲིན་སྦྱོར་དང་ཡུལ་སྐོར་ལྗོངས་ཁུལ། ཡུལ་སྐོར་ལས་དོན་ཁང་གི་འཐུས་མི་སོགས་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གི་རི་ཁུལ་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།