ཆུ་བེད་པུའུ་ཡིས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱ་བར་བཀོད་སྒྲིག་བྱས།

མཁའ་མཚོ་སྐྱིད་ཀྱིས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2023-07-25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས23ཉིན་ཆུ་བེད་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཆུ་བེད་པུའུ་ཡིས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱ་བར་བཀོད་སྒྲིག་བྱས་ཏེ། འབྲེལ་ཡོད་སྡེ་ཁག་གིས་ཕྱོགས་ཡོངས་ནས་ཞིང་སྡེའི་འཐུང་ཆུའི་གནད་དོན་ཞིབ་བཤེར་བཅོས་སྒྲིག་ལས་དོན་སྤེལ་ཏེ། ཞིང་སྡེའི་ཆུ་འདོན་འགན་སྲུང་ཆུ་ཚད་སྲ་བརྟན་དང་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན།

ཉེ་ལམ་ཆུ་བེད་པུའུ་ཡིས་ཧུའུ་པེའི་དབྱིན་ཧྲན་རྫོང་དུ་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་གནད་དོན་དག་ཐེར་ལ་ཤུགས་སྣོན་པ་དང་། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་གནད་དོན་རྒྱུན་རྣམ་ཅན་གྱི་གྲལ་བཤེར་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་མ་ཟད། གཞིང་སྡེའི་ཆུ་འདོན་གཞི་གཅིག་ཅན་དང་། གཞི་ཁྱོན་ཅན་གྱི་ཆུ་འདོན་ལས་གཞི་འཛུགས་སྐྲུན། ལས་གཞི་ཆུང་གྲས་ཚད་ལྡན་ཅན་དུ་བསྒྱུར་བཀོད། གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྤུས་ཚད་མཐོར་གཏོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞན་ཆ་མགྱོགས་མྱུར་ངང་གསབ་པ་དང་། གྲོང་ཁྱེར་དང་ཞིང་སྡེའི་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་ལྟར། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ཕུགས་ཕན་འགན་སྲུང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་པར་བཏོན།

རྒྱུས་ལོན་པ་ལྟར་ན། ཉེ་ལམ། ཞིང་སྡེའི་ཆུ་འདོན་ཕྱོགས་ཀྱི་ཞན་ཆ་ཁ་གསབ་བྱ་ཆེད། ཆུ་བེད་པུའུ་ཡིས་གྲོས་ཚོགས་ཐེངས་གཉིས་བསྡུས་ཏེ། རིམ་པ་བཞིན་གནད་དོན་ཐག་གཅོད་ཀྱི་བྱ་ཐབས་ཞིབ་འཇུག་བྱས་པ་མ་ཟད། ཡུན་རིང་གི་ལམ་ལུགས་བཙུགས་ཏེ། དངོས་འབེབས་བྱ་བར་བཀོད་སྒྲིག་ཡག་པོ་བྱས། ཆུ་བེད་པུའུ་ཡིས་ཆེད་དུ《ཕྱོགས་ཡོངས་ནས་ཞིང་སྡེའི་འཐུང་ཆུའི་གནད་དོན་ཞིབ་བཤེར་བཅོས་སྒྲིག་ལས་དོན་སྤེལ་ཏེ་ཞིང་སྡེའི་ཆུ་འདོན་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། རིམ་པ་སོ་སོའི་ཆུ་སྲིད་འཛིན་དོ་དམ་སྡེ་ཁག་གིས་མང་ཚོགས་ཀྱི་འཐུང་ཆུ་གནད་དོན་ངེས་བ་དོན་གྱིས་ཐག་གཅོད་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:བྱེད་ཐབས13གྱིས་མཚོ་སྔོན་གྱི་སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་རོགས་སྐུལ་བྱས་པ།
  • ལེ་ཚན་རྗེས་མ།:《སྔོན་བྱོན་མཁས་པའི་ངག་རིག་རིན་ཆེན་གཏེར་མཛོད》ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།