སྡེ་ཚན་དྲུག་གིས་གྲོང་ཡུལ་ཁོར་ཡུག་འཕྲོད་བསྟེན་གཙང་བཤེར་བཅོས་སྒྲིག་བྱ་རྒྱུའི་བརྡ་ཐོ་བཏང་།

ཐུབ་ཀྱིས་བསྒྱུར།        2023-07-24

འདི་ཟླའི་ཚེས17ཉིན་ལ་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གསར་འགྱུར་སྤེལ་ཏེ། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་སོགས་སྡེ་ཚན་དྲུག་གིས་མཉམ་དུ《སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ནས་གྲོང་ཡུལ་ཁོར་ཡུག་འཕྲོད་བསྟེན་གཙང་བཤེར་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་རེད། 

བརྡ་ཐོའི་ནང་ཀྲེ་ཅང་གི་ཁྲི་སྟོང་གི་འདུ་འགོད་ཅེས་པའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་དང་ཁྱབ་གདལ་ཧུར་ཐག་བཏང་ནས། ཁོར་ཡུག་གཙང་བཤེར་བཅོས་སྒྲིག་སྔོན་ལ་བྱས་ཏེ་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་ནས་གནས་འཕྲོད་པ་དང་བྱ་གཞག་ལ་འཚམ་པ། གྲོང་གསེབ་མཛེས་སྡུག་ལྡན་པ་འཛུགས་སྐྲུན་བྱ་དགོས། ཆེས་ཆེ་བའི་གྲོང་ཁྱེར་གྱི་རྒྱུན་སྤྱོད་དང་འཕྲལ་སྤྱོད་གཉིས་ཆའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་སྟེ། ཡུལ་སྐོར་གནས་སྡོད་ཁོར་ཡུག་གཙང་ཞིང་གྲ་འགྲིག་པ། སྐྱིད་སྣང་དོད་པ་བཅས་བསྐྲུན་དགོས་པ་བཏོན་ཡོད། 

བརྡ་ཐོའི་ནང་ད་དུང་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་གཙང་སེལ་བཅོས་སྒྲིག་དང་། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལེགས་གཏོང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཁོར་ཡུག་བཅོས་སྒྲིག་བཅས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་། གྲོང་ཡུལ་གྱི་གད་སྙིགས་བཙོག་ཆུ་བཅོས་སྒྲིག། སྨན་བཅོས་ཟོག་རོ་དང་བཙོག་ཆུ་ཕྱོགས་བསྡུས་གཙང་སེལ་ནུས་པ་བཅས་ཀྱི་ཞན་ཆ་གསབ་ནས་གྲོང་ཡུལ་སྤྱི་ཚོགས་བདེ་ཐང་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱ་རྒྱུར་བསྐུལ་ཏེ། གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་དེ་བདེ་ཐང་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་རྨང་གཞི་བརྟན་དུ་གཏང་དགོས་ཞེས་བཏོན་ཡོད།། 


  • ལེ་ཚན་སྔོན་མ།:དམངས་སྲིད་པུའུ་ཡིས་ཡུལ་སྡེའི་མིང་འདོགས་བྱ་སྤྱོད་སྤེལ་འགོ་བཙུགས།
  • ལེ་ཚན་རྗེས་མ།: ཀོང་ཞི་ཚན་རྩལ་སློབ་ཆེན་གྱིས་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་དན་བྱས།
  • དོ་སྣང་ཆེ་བའི་རྩོམ།