ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་ཏང་འཛུགས་སྐྱོང་ཚོགས་འདུར་མཛུབ་སྟོན་གལ་ཆེན་གནང་སྐབས་ནན་བཤད་གནང་བ།

    མི་དམངས་དྲ་བ།    2023-07-27

      ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་ཏང་འཛུགས་སྐྱོང་ཚོགས་འདུར་མཛུབ་སྟོན་གལ་ཆེན་གནང་སྐབས་ནན་བཤད་གནང་དོན། རང་རེའི་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་བཏོད་དེ་དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ7ཚེས21ཉིན་གློག་འཕྲིན་འབྱོར་གསལ། ཟླ7ཚེས20དང21ཉིན་དམག་ཡོངས་ཀྱི་ཏང་འཛུགས་སྐྱོང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ད་རེས་ཀྱི་དམག་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་ཚོགས་འདུ་ཡག་པོ་འཚོག་པ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རེའི་དམག་གིས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། དུས་རབས་གསར་པའི་རྒྱང་ལམ་གསར་པར་རང་རེའི་དམག་གིས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། རྒྱལ་ཡོངས་ཀྱི་རྩ་འཛུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྷག་པར་དུ་ཀུའུ་ཐན་གྱི་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་འཚོགས་ཚུན་རང་རེའི་དམག་གི་ཏང་འཛུགས་སྐྱོང་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཉམས་མྱོང་གལ་ཆེན་ལ་ཕྱོགས་སྡོམ་ནན་ཏན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་དམག་ནན་པོས་སྐྱོང་བར་མུ་མཐུད་སྐུལ་འདེད་བཏང་སྟེ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་དང་། དམག་གྲབས་དང་དམག་འཐབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བར་དམ་འཛིན། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་སོགས་བྱེད་པའི་ཐད་གནས་པའི་རིམ་ཁག་ཏང་རྩ་འཛུགས་ཀྱི་གནད་དོན་མངོན་གསལ་དོད་རིགས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ནས། དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

     ཚོགས་འདུར་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝུའེ་ཏུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རང་རེའི་དམག་ལ་སྣེ་ཁྲིད་གནང་སྟེ་ཏང་འཛུགས་སྐྱོང་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། རང་རེའི་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་ལེན་པ། དམག་དཔུང་འཛུགས་སྐྱོང་གི་ལོ་བརྒྱའི་འབད་འཐབ་དམིགས་ཚད་གཞི་རྩར་བཟུང་ནས་རང་རེའི་དམག་གི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་གཏིང་ཟབ་བསྟར་བ། དམག་གྲབས་དམག་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། མཐོ་རིམ་ལ་དམ་འཛིན་དང་གཞི་རིམ་སྟོབས་ཆེར་གཏོང་བར་སྣང་ཆེན་གྱིས་རྩ་འཛུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མུ་མཐུད་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བཅས་བྱས་ཏེ། རང་རེའི་དམག་གི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

     ཚོགས་འདུར་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས་པ་དང་ཚན་པ15ཡིས་སྤེལ་རེས་གཏམ་བཤད་བྱས་པ་རེད།


  • ལེ་ཚན་སྔོན་མ།:«དེང་རབས་ཚིག་མཛོད་རིག་པ»
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།