རང་ཁུལ་གྱིས་ལོ་སྟོད་ལ་ཡུལ་སྐོར་བ་བྱེ་བ1དང་ས་ཡ6ལྷག་ལ་སྣེ་ལེན་བྱས།

        2023-07-27

      སི་ཁྲོན་ནུབ་རྒྱུད་ཀྱི་ཐུན་མིན་གྱི་མཛེས་ལྗོངས་དང་། འོད་སྟོང་འཕྲོ་བའི་རིག་གནས། ཡུན་རིང་གི་ལོ་རྒྱུས་ཤུལ་བཞག་བཅས་ལས་དཀར་མཛེས་ཁུལ་གྱི་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་བྱུང་ནས་སྐར་ཚོགས་ལྟར་བཀྲ་བའི་མི་རིག་མཛེས་ལྗོངས་ཤིག་ཆགས་ཡོད་པ་རེད། དབྱར་གནང་གི་དུས་སུ་ཕྱོགས་བཞི་མཚམས་བརྒྱད་ནས་དཀར་མཛེས་ཁུལ་དུ་ཡོང་བའི་རྒྱ་ཆེ་བའི་ཡུལ་སྐོར་བ་རྣམས་སྤྲོ་བདེ་ཡོང་ཆེད། རང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་བོར་བྱས་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དབྱར་གནང་ཡུལ་སྐོར་སྣེ་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ་ཉེན་མེད་དང་། ཤེས་དཔལ།  སྐྱིད་པོ་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་ཧུར་ཐག་གིས་བཏོད་ཡོད།

      ཉེ་བའི་ལོ་ཤས་རིང་། རང་ཁུལ་ཡུལ་སྐོར་ཐོན་ལས་ཀྱི་གོམ་སྟབས་བརྟན་པོ་དང་། ཡུལ་སྐོར་ལས་རིགས་ཀྱི་ལས་རྣམ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཞིང་། ཡུལ་སྐོར་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོའི་ལོ་སྟོད་དུ་རང་ཁུལ་གྱིས་ཡུལ་སྐོར་བ་མི་ཁྲི1614.72ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར174.23ལ་ཟིན་ཏེ་ན་ལོའི་དུས་མཚུངས་ལས་སོ་སོར་བརྒྱ་ཆ53.63དང་བརྒྱ་ཆ52.54འཕར་བ་དང་། 2019ལོའི་དུས་མཚུངས་ལས་སོ་སོར་བརྒྱ་ཆ46.39དང་བརྒྱ་ཆ43.47འཕར་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༡༤༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།