གླིང་གི་འབྲུག་མོའི་མཚན་སྙན་ཐོབ་པའི་མཛེས་མ་དེ་སུ་རེད།

ཨོ་རྒྱན་གྱིས་བསྒྱུར།        2023-07-20

   སྤྱི་ཟླ7པའི་ཚེས18ཉིན། “དཀར་མཛེས་ནོར་བུའི་གླིང་ནས། གླིང་གི་འབྲུག་མོ་འཚོལ་བ〞ཞེས་པའི་མཛེས་མ་འདེམས་སྒྲུག་འགྲན་སྡུར་དེ་དཀར་མཛེས་རྫོང་གི་ནོར་བུ་གླིང་ཐང་ཆེན་དུ་སྤེལ། ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན་རིམ་པ་བརྒྱུད་ནས། ན་ཆུང་མཛེས་མ15མཇུག་མཐའི་རྟིང་རྩོད་འགྲན་སྡུར་དུ་ཚུད་པ་རེད། མཛེས་མའི་འཆོར་སྒེག་གི་ལང་ཚོ་དང་། འཆོར་ཉམས་ཀྱི་སྒེག་གཟུགས་སོགས་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པའི་མཛེས་སྡུག་རྒྱ་ཆེའི་ལྟ་མོ་བ་ཁྲི་སྟོང་མང་པོའི་མིག་གི་ལོངས་སྤྱོད་དུ་བསྩལ་ཡོད་པ་རེད།

གླིང་གི་འབྲུག་མོའི་མཚན་སྙན་ཐོབ་པའི་མཛེས་མ་དེ་སུ་རེད།

     དགོང་མོའི་ཆུ་ཚོད9པའི་སྟེང་ལ། རོལ་དབྱངས་ཀྱི་སྒྲ་དང་འགྲོགས་ནས་འགྲན་ཞུགས་མཛེས་མ་ཚོས་མི་རིགས་ཀྱི་གོས་རྒྱན་བཟང་པོས་གཟབ་འཆོར་སྤྲས་ནས་གར་སྟེགས་སུ་ཤོམ་འགྲོས་བྱས་པ་དང་། དེར་མཐུད་ནས། འགྲན་ཞུགས་པ་མཛེས་མ་ཚོས་སོ་སོའི་གཟུགས་བྱད་ངོམ་པ་དང་། བོད་རིགས་ཀྱི་གྱོན་ཆས་འཁྲབ་སྟོན་བྱས་པ། ནུས་རྩལ་འཁྲབ་སྟོན་སོགས་ཕྱོགས་བསྡུས་བྱང་ཚད་ཐོག་ནས“གླིང་གི་འབྲུག་མོའི”མཚན་སྙན་ལ་བརྩོན་ལེན་གྱིས་འགྲན་སྡུར་བྱས་པ་རེད། 

གླིང་གི་འབྲུག་མོའི་མཚན་སྙན་ཐོབ་པའི་མཛེས་མ་དེ་སུ་རེད།

     མཇུག་མཐར། འགྲན་ཞུགས་ཨང་རྟགས2པར་ཕྱོགས་བསྡུས་སྐར་གྲངས99.01དང་། ནུས་རྩལ་སྐར་གྲངས་བརྒྱ་ཆ96.69ཐོབ་པས་ཐེངས་འདིར་ཨང་དང་པོ་ཐོབ་ནས་དཀར་མཛེས་རྫོང་གི་སྐབས་གཉིས་པའི“གསེར་གྱི་འབྲུག་མོའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད། འགྲན་ཞུགས་ཨང་རྟགས10པར་ཕྱོགས་བསྡུས་སྐར་གྲངས98.87དང་། ནུས་རྩལ་སྐར་གྲངས98.63ཐོབ་པས“དངུལ་གྱི་ནེའུ་ཆུང”གི་མཚན་སྙན་ཐོབ་པ་དང་། འགྲན་ཞུགས་ཨང་རྟགས5པར་ཕྱོགས་བསྡུས་སྐར་གྲངས98.58ཐོབ་པ། ནུས་རྩལ་སྐར་གྲངས98.91ཐོབ་པས“གཡུ་ཡི་གྲོ་ལོའི”མཚན་སྙན་ཐོབ། འགྲན་ཞུགས་ཨང་རྟགས6པ་དང5པ། 7པ་བཅས་ལ“ནུས་རྩལ་འཁྲབ་སྟོན་ཆེས་བཟང་བ”དང་འགྲན་ཞུགས་ཨང་རྟགས9པར“མི་གཡང་རྩེ་གྲ”བཅས་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།

གླིང་གི་འབྲུག་མོའི་མཚན་སྙན་ཐོབ་པའི་མཛེས་མ་དེ་སུ་རེད།


  • ལེ་ཚན་སྔོན་མ།:སྤྱི་ཟླ7པའི་ཚེས21ཉིན་ལྗོངས་ཁུལ་འདི་སྒོ་འབྱེད་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག།༼ ༡༡ ༽
  • དོ་སྣང་ཆེ་བའི་རྩོམ།