ཞི་ཅིན་ཕིང་ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31པའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་ཕྱི་འབྲེལ་ལས་དོན་བྱེད་སྒོ་རབ་རིམ་སྤེལ་རྒྱུ།

བདེ་ཆེན་གྱིས་བསྒྱུར།        2023-07-26

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་སྤྱི་ཟླ7པའི་ཚེས24ཉིན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཟླ7པའི་ཚེས27ནས28ཉིན་བར་ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31པའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་ཡིན་པ་དང་། རང་རྒྱལ་དུ་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་འཚམས་འདྲིར་ཕེབས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་པར་དགའ་བསུ་ཞུ་བའི་གསོལ་སྟོན་དང་འབྲེལ་ཡོད་ཕྱོགས་གཉིས་པོའི་བྱེད་སྒོ་སྤེལ་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་འཚམས་འདྲིར་ཕེབས་པའི་ཕྱི་རྒྱལ་མགོ་ཁྲིད་ནི་ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཙུའུ་ཁོ་དང་། མོ་རི་ཐ་ནི་ཡ་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཅ་ཙི་ཝ་ཉི། པུ་ལུའོ་ཏི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཨེན་ཏ་དབྱི་ཧྲི་སྨི་ཡེ། ཀུའེ་ཡ་ན་མཉམ་ལས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཨ་ལི། ཀོ་ལུའུ་ཅེ་ཡའི་ཙུང་ལི་ཅ་ལི་པ་ཧྲི་ཝེ་ལི། ཧྥེ་ཅི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ལན་པུའུ་ཁ་བཅས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:གླིང་གི་འབྲུག་མོའི་མཛེས་མ་འདེམས་སྒྲུག་འགྲན་སྡུར་དེ་དཀར་མཛེས་རྫོང་གི་ནོར་བུ་གླིང་ཐང་ཆེན་དུ་སྤེལ།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་གྲོང་ཚོ་འཛུགས་པ་དང་ཀྲུང་གོའི་འཐུས་མི་ཚོགས་པ་ཁག་དང་པོའི་ཁོངས་མི་རྣམས་གྲོང་ཚོར་ཞུགས།
  • དོ་སྣང་ཆེ་བའི་རྩོམ།