ཕ་ཡུལ།

གསས།        2023-07-26

འཇིག་རྟེན་འདིར་འགྲོ་བ་ཆགས་ནས།

བསྐལ་པ་དུ་མ་ཞིག་འགོར་སོང་།

དེ་ལྟར་ན་ཡང་། ཁྱོད་ཀྱིས་ངག་

གཅིག་ཀྱང་ཁྲོལ་ཐུབ་མ་སོང་།

ཐབས་དང་ཤེས་རབ་ནི་གཤོག་པ་

གཡས་གཡོན་བྱས་ཏེ།

བྱ་རྒོད་ཀྱིས་ཁྱུ་དང་ཁྱུ་བྱས་ནས་དགུ་

ཚིགས་ཀྱི་གསང་བ་བརྟོལ།

དེ་ལྟར་ན་ཡང་།

ཁྱོད་ཀྱིས་དགུ་ཚིགས་ནི་ལམ་ཞིག་མ་

ཡིན་ཟེར།

ཝེ། ཨ་ཁོད་གཡང་སྡེ་ཕྱུག་མོ།

ཚེ་སྲོག་ཅིག་གཟིམས་ཏེ་སླར་ཡང་

སྐྱེ་བ་གཞན་ཞིག་ལེན་དུས།

ཁྱོད་ཀྱིས་ཕ་སྐད་མ་ཡིག་ཁྱེར་ནས།

རང་ཉིད་ལ་གཡའ་དག་པའི་

ནམ་མཁའ་ཞིག་བསྐྲུན་རོགས།

མུན་ནག་གི་གྲམ་འཕྲང་སེལ་བའི་

ཉི་མ་ཞིག་འཆར་དུ་འཇུག་རོགས།



  • ལེ་ཚན་སྔོན་མ།:བུ་མོ་ཀུན་དགའ་མཚོ་མོ།
  • ལེ་ཚན་རྗེས་མ།:ཆ་ཤས་ཀྱི་ནམ་མཁའ།