འཁོར་བའི་དབྱངས།

        2023-07-21

ལོ་སྣང་བ་འཇའ་ཡི་རི་མོ་རེད།།

ཡག་ཟེར་ན་ད་ནངས་དོ་དགོང་རེད།།

ལུས་མ་ན་སེམས་རྩ་མ་འཁྲུག་ན།།

དེའི་ཡན་ལ་སྤྲོ་ཞིག་གང་ན་ཡོད།།

སེམས་བརྩེ་བ་དབྱར་ཁའི་མེ་ཏོག་རེད།།

བརྟན་ཟེར་ན་སྟོན་ཟླ་དགུན་ཟླ་རེད།།

སེམས་མ་བསད་ཁྲེལ་མེད་མ་བཅས་ན།།

དེའི་ཡན་ལ་དགའ་ཞིག་གང་ན་ཡོད།།

གཞི་འཁོར་བ་སོས་ཀའི་གནམ་གཤིས་རེད།།

བདེ་ཟེར་ན་རེ་དྭངས་རེ་སྨུག་རེད།།

ནང་མ་འཁྲུག་ཕྱི་གྱོད་མ་སླེབས་ན།།

དེའི་ཡན་ལ་སྐྱིད་ཅིག་གང་ན་ཡོད།།

ལག་ལས་ཀ་དགུང་གི་ཟླ་བ་རེད།།

འགྲིག་ཟེར་ན་ཡར་ངོ་མར་ངོ་རེད།།

ལམ་མ་ནོར་བྱས་ཉེས་མ་ཤོར་ན།།

དེའི་ཡན་ལ་བཟང་ཞིག་གང་ན་ཡོད།།

༼ ལྡོང་རོང་བསོད་ཐར། ༽


  • ལེ་ཚན་སྔོན་མ།:ངག་དབང་དབྱངས་ཅན་ལྷ་མོ།
  • ལེ་ཚན་རྗེས་མ།:ཨ་མའི་མཉེས་གཤིན་དྲོན་མོ།