གཟེངས་བསྟོད་ཞགས་རྒྱན་འདི་ལ་སི་ཁྲོན་གྱི་ཁྱད་ཆོས་ཡོད།

སྐལ་ཐུབ་ཀྱིས་བསྒྱུར།        2023-07-27

   གཟེངས་བསྟོད་ཞགས་རྒྱན་འདི་ལ་སི་ཁྲོན་གྱི་ཁྱད་ཆོས་ཡོད།

   ཉེ་ཆར། གསར་འགོད་པ་ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་སུ་གནས་པའི་ཁྲེང་ཏུའུ་སི་ཁྲོན་གནའ་བོའི་དར་གོས་ཞིབ་འཇུག་ཁང་དུ་ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་ཞགས་རྒྱན་སྐོར་གྱི་གནས་ཚུལ་རྒྱུས་ལོན་དུ་སོང་བ་ཡིན། 

    ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་ཞགས་རྒྱན་གྱི་ཞེང་ཁ་ལ་ལི་སྨི2.5ཡོད་པ་དང་། རིང་ཚད་ལ་ལི་སྨི105ཡོད། མདུན་ངོས་ནི་རིན་པོ་ཆེ་དབང་སྔོན་གྱི་མདོག་དང་། ངོས་སུ་མེ་ཏོག་པད་མ་དང་གསེར་བྱའི་རི་མོ་བཙེམས་ཡོད་ཅིང་། རྒྱབ་ངོས་དམར་པོ་རུ་བཀྲ་ཤིས་སྤྲིན་རིས་སེར་པོས་བརྒྱན་ཡོད་པས། གནའ་ཉམས་དོད་ལ་བཀོད་ལེགས་ཡིད་དུ་འོང་བ་ཞིག་ཡིན་པ་རེད། 

     ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་ཞགས་རྒྱན་གྱི་རི་མོ་བཟོ་བཀོད་དང་འཕྲུལ་ཐོག་ཐོན་སྐྱེད་ཀྱི་བར་ལོ་ཕྱེད་ཀ་འགོར་བ་དང་། དར་སྐུད་ལས་རིམ70ལྷག་བརྒྱུད་རྗེས་གཞི་ནས་གྲུབ་པ་ཞིག་ཡིན་ལ། གཞུང་སྐུད་མང་ལ་འཕྲེད་སྐུད་སྒྲིལ་མའི་ལག་རྩལ་སྤྱད་དེ། སྙོམས་རིས་དང་གསེག་རིས། བཅུག་རིས་བཅས་དོད་ཡོད་ཅིང་། རི་མོ་ཡོད་སར་འབར་འབུར་དང་མེད་སར་འཇམ་ཞིང་མཉེན་པོ་ཡིན། ཕྱི་ངོས་ཀྱི་ལྟ་ས་གསལ་ཞིང་དྭངས་ལ་གོ་རིམ་ལྡན་པར་མ་ཟད། ཚོན་མདངས་མི་འདྲ་བ་ཡང་ལྡོག་འཕྲོ་ཐུབ་པས། སི་ཁྲོན་དར་གོས་ཀྱི་ཁྱད་ཆོས་མངོན་པར་ཕྱུག་ཡོད།། 


  • ལེ་ཚན་སྔོན་མ།:སྐར་ཚོགས་ཁྲོད་ཀྱི་གནས་མཆོག།དེ་བས་མཛེས་སྡུག་ལྡན་སོང་།།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༡༤༽
  • དོ་སྣང་ཆེ་བའི་རྩོམ།