སྐར་ཚོགས་ཁྲོད་ཀྱི་གནས་མཆོག།དེ་བས་མཛེས་སྡུག་ལྡན་སོང་།།

ཡེ་ཤེས་ཀྱིས་བྲིས།        2023-07-26

      སྐར་ཚོགས་ཁྲོད་ཀྱི་གནས་མཆོག།དེ་བས་མཛེས་སྡུག་ལྡན་སོང་།།

     སྤྱི་ཟླ་བདུན་པའི་དཀར་མཛེས་ཁུལ་ནི་བསིལ་འཇམ་གྱི་རླུང་བུ་དལ་བུར་ལྡང་ཞིང་གནམ་གཤིས་ཀྱི་དྲོ་གྲང་སྙོམས་པའི་ཚ་གཡོལ་བྱ་ཡུལ་གྱི་གནས་མཆོག་ཅིག་ཡིན་ལ། ཚ་བ་ཆེ་སའི་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལ་སྔར་མེད་ཀྱི་སྤྲོ་སྐྱིད་སྟེར། བརྗིད་ཆགས་ལྡན་པའི་རི་བོ་དང་མཛེས་ཉམས་དོད་པའི་རྩྭ་ཐང་། མེ་ཏོག་གི་རྒྱ་མཚོ། རོ་མཆོག་ཟས་ཞིམ་བཅས་དང་། དེ་མིན་དར་མདོ་གྲོང་ཁྱེར་གྱི་ཡུལ་བཙན་ཤུལ་དང་ཞག་ཧ་ལ་ཁ། ཚེ་མ་ལ་ཁ། བ་ལངས་སུམ་མདོ་བཅས་ཀྱི་ལྗོངས་ཁུལ་དག་གིས་ཁྱེད་ལ་གཞན་དང་མི་འདྲ་བའི་བག་ཆགས་ཟབ་མོ་ཞིག་སྟེར་ངེས་ལ། ལྷག་པར་དུ་མཚན་མོའི་མཛེས་ལྗོངས་ནི་དེ་བས་ཀྱང་སྨྲ་ཡུལ་ལས་འདས་ཤིང་།མཁའ་དབྱིངས་སུ་སྐར་ཚོགས་ཀྱི་རྣམ་པ་རབ་ཏུ་བཀྲ་བས་ཐུན་མིན་གྱི་མཚན་ལྗོངས་འདི་ཉིད་ནི་ལྷ་ཡུལ་གྱི་ཞིང་ཁམས་དང་གཉིས་སུ་མ་མཆིས་པས།ཀྲུང་གོའི་ཆེས་མཛེས་པའི་གནས་མཆོག་དཀར་མཛེས་ཁུལ་དུ་སྤྲོ་གསེང་ཡུལ་སྐོར་ལ་ཕེབས་པ་ནི་ཁྱེད་ཀྱི་མ་ནོར་བའི་གདམ་ག་དེ་ཡིན་ནོ།། 

སྐར་ཚོགས་ཁྲོད་ཀྱི་གནས་མཆོག།དེ་བས་མཛེས་སྡུག་ལྡན་སོང་།།
སྐར་ཚོགས་ཁྲོད་ཀྱི་གནས་མཆོག།དེ་བས་མཛེས་སྡུག་ལྡན་སོང་།།
སྐར་ཚོགས་ཁྲོད་ཀྱི་གནས་མཆོག།དེ་བས་མཛེས་སྡུག་ལྡན་སོང་།།
སྐར་ཚོགས་ཁྲོད་ཀྱི་གནས་མཆོག།དེ་བས་མཛེས་སྡུག་ལྡན་སོང་།།

  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་སྐྱེ་ཁམས་ལ་བརྟེན་ནས་འབྱུང་འཕྲོད་དཔལ་འབྱོར་བསྐྲུན་པ་དང་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བར་རམ་འདེགས་བྱས།
  • ལེ་ཚན་རྗེས་མ།:གཟེངས་བསྟོད་ཞགས་རྒྱན་འདི་ལ་སི་ཁྲོན་གྱི་ཁྱད་ཆོས་ཡོད།
  • དོ་སྣང་ཆེ་བའི་རྩོམ།