ཟླ8པའི་ཚེས15ཉིན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་བརྗོད་དོན་བྱ་འགུལ་ཐོག་མ་སྤེལ་རྒྱུ་རེད།

    མི་དམངས་དྲ་བ།    2023-08-10

      ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པས་ཐག་བཅད་དོན། ཟླ8པའི་ཚེས15ཉིན་དེ་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོར་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་ཀྱིས་རྣམ་པ་སྣ་མང་སྒོས་སྐྱེ་ཁམས་དཔལ་ཡོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་རྒྱུ་རེད། ད་ལོའི་ཟླ8པའི་ཚེས15ཉིན། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་སྡེ་ཁག་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་ལ་མཉམ་འབྲེལ་སྒོས། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་བརྗོད་དོན་གཙོ་བོའི་བྱ་འགུལ་ཐོག་མ་སྤེལ་རྒྱུ་རེད།

      བྱ་འགུལ་གྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་བརྗོད་དོན་དུ་བཟུང་སྟེ། ཚོགས་ར་གཙོ་བོའི་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་དང་སྐྱེ་ཁམས་དཔལ་ཡོན་གྱི་གྲུབ་འབྲས་གལ་ཆེན་ཁྱབ་སྒྲོག་ཚོགས་འདུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་དང་ལྗང་མདོག་ཐཱན་དམའི་གསར་སྐྲུན་ཚོགས་ཆེན་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད།

      རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་ཉིན་དེར། ཞིང་ཆེན(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)སོ་སོའི་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱིས་རང་སའི་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་སྒོས་དོན་དངོས་དང་བསྟུན་ནས་རྣམ་པ་སྣ་ཚོགས་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ཐད་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:ནོར་སྲིད་པུའུ་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་བྲེལ་མྱུར་ངང་ཞིང་ལས་ཐོན་སྐྱེད་ཀྱི་གནོད་འགོག་གནོད་སྐྱོབ་མ་དངུལ་སྒོར་དུང་ཕྱུར7.32བཏང་བ།
  • དོ་སྣང་ཆེ་བའི་རྩོམ།