བརྒྱད་ཟིལ་རྫོང་གིས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་སྤེལ།

        2023-08-11

 ཉེ་ཆར། བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱིས་ཡུལ་སྡེའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་མར་སྤེལ་འགོ་བཙུགས་པ་རེད།

ད་ཐེངས་ཀྱི་ཡུལ་སྡེའི་རིག་གནས་ཡུལ་སྐོར་དུས་ཆེན་དེར་རིག་གནས་འགྲེམས་སྟོན་དང་གཟུགས་མེད་རིག་གནས་ཤུལ་བཞག། རིག་རྩལ་འཁྲབ་སྟོན། ཡུལ་སྐོར་སྤྲོ་འཆམ་སོགས་རྩོམ་རིག་དང་སྒྱུ་རྩལ། རིག་གནས་དང་ཡུལ་སྐོར་གཞི་གཅིག་ཏུ་འདྲེས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཡུལ་སྐོར་གྱི་འདུ་ཚོགས་གཟབ་རྒྱས་ཤིག་རེད། དེའི་རིང་ཡུལ་སྐོར་བ་ཚོས་རྩོམ་རིག་དང་མཛེས་རྩལ་གྱི་བརྩམས་ཆོས་ཁྲོད་ནས་ཁེ་རྡོའི་རྩོམ་རིག་དང་རིག་རྩལ་གྱི་མཛེས་པ་མྱོང་ཐུབ་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་ཁྲོད་ནས་ཁེ་རྡོའི་ཁྱད་ལྡན་རིག་གནས་ཤུལ་བཞག་གི་གསང་བ་ཤེས་རྟོགས་ཐུབ་པ་རེད། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་དང་རྫོང་གི་ཞབས་བྲོའི་འགྲན་སྡུར་ཆེན་མོ་ལས་ཁེ་རྡོ་བུ་ཕྲུག་ཚོའི་སྙིང་སྟོབས་མངོན་ཞིང་།《མཁའ་མཐའི་ཕ་ཡུལ》དང《ཨ་ཡེ་མོ་མོ》《ཨ་ཡེ་ཉུ་ཉུ》《ལ་གླུ་ཚིགས་བཅད》《ཅང་ལང་སྐོར་བྲོ》སོགས་མི་རིགས་ཀྱི་གླུ་གར་ལས་ལྟད་མོ་བར་ཁེ་རྡོ་མི་དམངས་ཀྱི་གདེང་ཚོད་དང་སྤྲོ་སྣང་། སྤྲོ་སེམས་སོགས་ཀྱི་བསམ་པའི་ཉམས་འགྱུར་དང་བདེ་སྐྱིད་འཚོ་བར་བཅངས་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་ཚོར་དུ་བཅུག་པ་རེད།

     ད་ཐེངས་ཀྱི་ཡུལ་སྡེའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་ཁེ་རྡོ་གྲོང་རྡལ་གྱིས་ཡུལ་སྡེ་དར་རྒྱས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་། གོམས་སྲོལ་ལེགས་སྒྱུར། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུ་སོགས་ཀྱི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ནང་ཧུར་ཐག་ཞུགས་པར་སྔར་བས་སྐུལ་མ་གཏང་བ་རེད།།




ལོ་ཙཱ་བ། བདེ་ཆེན།

རྩོམ་སྒྲིག་པ། བདེ་ཆེན།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྤྱི་བསྒྲགས་འདི་འདྲ་ཞིག་སྤེལ་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10