ཞི་ཅིན་ཕིང་གི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་དགོངས་པ།

        2023-08-11

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ནི་འབྱུང་འགྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཀ་རྟེན་གསར་པ་དང་འགྲན་ལམ་གསར་པ་ཞིག་རེད། ད་ལོ་ནས་བཟུང་རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ལིས་གློག་དང་། འོད་ཤུགས། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་གསར་གཏོད་ཚད་བརྒལ་རྒྱུན་ཆད་མེད་པར་བྱུང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད་ཅེས་བསྟན་པ་རེད།


     གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ལག་རྩལ་མཐོ་བའི་ཐོན་ལས་ལ་མ་འཇོག་བྱེད་ཚད12.5%འཕར་བ་དེ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ཡོངས་ཀྱི་བརྒྱ་ཆའི་གྲངས8.7ལས་མཐོ་བ་ཡོད་པ་རེད། མིག་སྔར། རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འཕར་ཐང་གིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད13%ལས་བརྒལ་ཡོད་པ་དང་།འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་འགྲོ་ཤུགས་ཧ་ཅང་ཆེན་པོ་ཡོད།
 
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད་ལ། ད་ལོ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ནང་དུ་རྟོག་ཞིབ་ཐེངས་མང་གནང་བ་ཚང་མས་ས་གནས་དེ་གའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ལ་དོ་ཁུར་གནང་གི་ཡོད། ཧྲན་ཞི་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་དེ་གར་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་ཕོད་པ་བྱས་ནས་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱ་དགོས་པ་དང་། ཅང་སུའུ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལག་རྩལ་གསར་པས་ཐོན་ལས་གསར་པ་ཟམ་མི་ཆད་པར་སྐྱེད་སྲིང་བྱ་དགོས་པ་དང་། མི་རིང་བའི་གོང་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་ཀ་རྟེན་ཐོན་ལས་དེ་བས་མང་བ་གཏོད་དགོས་ཞེས་ཡང་བསྐྱར་བསྟན་པ་རེད།

     དངོས་སྒྲུབ་ལ་སྣང་ཆེན་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བློ་ལ་བརྟན་པོ་ངེས་དགོས། ད་ལོ་ནས་བཟུང་རྒྱལ་ཁབ་དང་ས་གནས་ཀྱིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་གཅིག་རྗེས་གཉིས་མཐུད་ངང་ཆེ་རུ་བཏང་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་གསོ་སྐྱོང་དང་རིམ་སྤར་བྱེད་པའི་ལས་ཀ་བྱེད་འགོ་བརྩམས་ཏེ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་རྣམ་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀྲུང་དབྱང་ཁེ་ལས་ཀྱི་ཐོན་ལས་གསར་པ་དང་འབྱུང་འགྱུར་ཐོན་ལས་འགོ་འཛུགས་སོགས་ཀྱི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་ནས་རབས་གསར་པའི་འཁྱེར་འཕྲིན་དང་། མིས་བཟོས་རིག་ནུས། རྒྱུ་ཆ་གསར་པ་སོགས་གཙོ་གནད་ཐོན་ལས་ཁྱབ་ཁོངས15ཡི་ཁ་ཕྱོགས་བཀོད་སྒྲིག་འཛུགས་སྐྲུན་ལ་དམིགས་པ་རེད།

     ཧྲན་ཞི་ཞི་ཨན་དུ་འོད་ཤུགས་ཐོན་སྐྱེད་ཁེ་ལས་དེས་ཚན་རྩལ་གསར་གཏོད་ལ་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ཉི་ནུས་གློག་རྫས་ཀྱི་ལས་ཕྱོད་འཛམ་གླིང་གི་ཟིན་ཐོ་ཡང་ཡང་བཏོད་ཡོད། ད་ལོ་ནས་བཟུང་ཁེ་ལས་ཀྱི་དངོས་ཟོག་ཕྱིར་གཏོང་བྱེད་ཚད་སླར་ཡང་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།

     ད་ཆར། རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་ཚད་བརྒལ་རབ་དང་རིམ་པ་བྱུང་བ་སྟེ། རིམ་རྩིས་བྱས་ན་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི2000ལས་བརྒལ་བ་དང་། བཟོ་ལས་འཕྲུལ་མིའི་གསར་དུ་འཕར་བའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་བསྡོམས་འབོར་གོ་ལ་ཧྲིལ་པོའི་བསྡུར་ཚད50%ལས་བརྒལ་བ། ཚད་མཐོའི་དྭངས་གསལ་གྱི་བརྙན་ལམ་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི3ལས་བརྒལ་བ། རྒྱལ་ཁབ་རིམ་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚོགས་པ་ཁག་དང་པོ66ཟིན་ཡོད་པ་རེད།

     གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གློག་སྒུལ་མི་བཞུགས་རླངས་འཁོར་དང་། ཉི་ནུས་གློག་སྨན། ལིས་གློག་རྫས་སོགསརྣམ་པ་གསུམགྱི་ཐོན་རྫས་ཕྱིར་གཏོང་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས61.6%འཕར་ནས་ཁྱོན་ཡོངས་ནས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས1.8འཕར་ཡོད་པ་རེད།

     ད་ལོར། རང་རྒྱལ་གྱིས་འཛམ་གླིང་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོགས་སྤྱི་སྔར་བས་སྐྱེད་སྲིང་བྱ་རྒྱུ་རེད། དེ་དང་ཆབས་ཅིག་མི་ཐབས་རིག་ནུས་དང་རྒྱུ་ཆ་གསར་པ་སོགས་ཁྱབ་ཁོངས་ལ་དམིགས་ནས་ཐོག་མའི་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་ཞན་ཆ་གསབ་ནས་རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གཞི་ཁྱོན་དང་གསར་གཏོད་ནུས་པ་ཆེ་རུ་བཏང་སྟེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པ་དང་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་མཁོ་འདོན་བྱ་རྒྱུ་རེད།



ཡོང་ཁུངས། གསར་འགྱུར་མཉམ་སྒྲོག།

ལོ་ཙཱ་བ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༼༢༡༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10