རང་ཁུལ་གྱིས་སྤྱི་བསྒྲགས་འདི་འདྲ་ཞིག་སྤེལ་འདུག།

        2023-08-11

དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས་དང་། དཀར་མཛེས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས། དཀར་མཛེས་ཁུལ་འབྱུང་ཁམས་ཁོར་ཡུག་ཅུས། དཀར་མཛེས་ཁུལ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་བཅས་ཀྱིས་སྤེལ་བའི་རྩྭ་ཐངརྩྭ་རདང་འབྲེལ་བ་ཡོད་པའི་ཡུལ་སྐོར་བྱེད་སྒོ་རང་དགར་སྤེལ་མི་ཆོག་པའི་སྐོར་གྱི་སྤྱི་བསྒྲགས།


     དཀར་མཛེས་ཁུལ་ནི་མཚོ་བོད་ས་མཐོའི་མཐའ་རུ་གནས་པ་དང་རྒྱལ་ཁབ་ཀྱི་གཙོ་གནད་འབྱུང་ཁམས་ནུས་པའི་ཁུལ་དང་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་འབྱུང་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་རི་དང་འཁྱག་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའིའདུ་ཤེས་བརྟན་པོ་འཛུགས་ཆེད་དངམཚོ་བོད་ས་མཐོའི་འབྱུང་ཁམས་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་གོང་འཕེལ་ལ་ལེགས་སྐྱེས་ཆེ་ཤོས་འབུལ་བ་ཞིག་རེདཅེས་པ་ལག་བསྟར་གཏིང་ཟབ་བྱས་ནས་ཁོར་ཡུག་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་ནན་པོ་བྱས་ཏེ་འབྱུང་ཁམས་ཁོར་ཡུག་གི་བདེ་འཇགས་ལ་སྲུང་སྐྱོང་བྱ་ཆེད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམསསོགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། ད་ལྟ་རྩྭ་ཐངརྩྭ་རདང་འབྲེལ་བ་ཡོད་པའི་ཡུལ་སྐོར་བྱེད་སྒོ་རང་དགར་སྤེལ་མི་ཆོག་པའི་སྐོར་གྱི་སྤྱི་བསྒྲགས་སྤེལ་རྒྱུ།

གཅིག། འཕྲུལ་སྒུལ་འཁོར་ལོ་གང་རུང་ཞིག་བགྲོད་ལམ་དང་བྲལ་ནས་རྩྭ་ཐངརྩྭ་རགི་ཐོག་བསྐྱོད་དེ་རྩྭ་ཐངརྩྭ་རགི་སྤང་ཤུན་གཏོར་བརླག་གཏོང་རིགས་གཏན་འགོག་བྱ་རྒྱུ། 

གཉིས། ཆོག་མཆན་མ་ཐོབ་པའི་ཚན་པ་དང་མི་སྒེར་གང་རུང་གིས་རྩྭ་ཐངརྩྭ་རཡུན་རིང་ངམ་ཡང་ན་གནས་སྐབས་བཟུང་སྤྱོད་དང་། རང་དགར་འགྲོ་ལམ་གསར་བཟོ་བྱས་ནས། རྩྭ་ཐང་གི་སྤང་ཤུན་ལ་གཏོར་བཤིག་གཏོང་རིགས་གཏན་འགོག་བྱ་རྒྱུ། 

གསུམ། ཆོག་མཆན་མ་ཐོབ་པའི་ཚན་པ་དང་མི་སྒེར་གང་རུང་གིས་དཀར་མཛེས་ཁུལ་གྱི་ས་ཁོངས་ནང་གི་རྩྭ་ཐངརྩྭ་རདུ་ཡུལ་སྐོར་གྱི་འབྲེལ་ཡོད་བྱེད་སྒོ་སྤེལ་མི་ཆོག 

བཞི། ཆོག་མཆན་མ་ཐོབ་པའི་ཚན་པ་དང་མི་སྒེར་གང་རུང་གིས་མི་སྒེར་གྱི་རྩྭ་ཐང་གི་མིང་ཐོག་ནས་རྩྭ་ཐངརྩྭ་རརང་དགར་བདག་བཟུང་བྱས་ཏེ་ཡུལ་སྐོར་གཉེར་སྐྱོང་གི་བྱ་སྤྱོད་སྤེལ་མི་ཆོག

གོང་གསལ་རྩྭ་ཐངརྩྭ་རགི་འབྱུང་ཁམས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཐོན་ཚེ་དེའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་དང་འབྲེལ་འབྱུང་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོས་པར་གུན་གསབ་སྤྲོད་པའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་དེའི་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།  

གོང་གསལ་གྱི་བཀག་སྡོམ་བྱ་སྤྱོད་ཀྱིས་སྤྱི་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ངང་དང་ལེན་བྱེད་ཅིང་། ཞུ་གཏུག་ཐེར་འདོན་ཁ་པར་ནི0836-2865119དང་། 0836-2835692ཡིན།


དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས། 

དཀར་མཛེས་ཁུལ་ནགས་ལས་དང་རྩྭ་ཐང་ཅུས། 
དཀར་མཛེས་ཁུལ་འབྱུང་ཁམས་ཁོར་ཡུག་ཅུས།
དཀར་མཛེས་ཁུལ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས།
2023ལོའི་ཟླ8ཚེས3ཉིན།


ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་པ། བདེ་ཆེན།


  • ལེ་ཚན་སྔོན་མ།:འཛམ་གླིང་ལ་ཀྲུང་གོའི་གྲོང་ཁྱེར་གྱི་སྟོབས་ཤུགས་དང་ཉམས་བརྗིད་བསྟན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།