མི་ཚེ།

རུས་རྐང་དྭངས་མ། (ཡུལ་ཤུལ།)        2023-08-15

ལོ་ཟླའི་དཀྱོག་མཚམས་རེ་རེ་ནས་རྨི་ལམ་རྟ་ཕོ་ལ་ཕུགས་བསམ་སྒ་སྲས་བཀོན་དུས། 

ཁྱོད་ནི་སོས་དལ་བག་ཕེབས་ཀྱི་གཡང་ས་ཞིག་ཏུ་ཡོད་དམ། 

ཡང་ན་རིགས་པའི་འཐབ་རྩོད་ཀྱི་གཡུལ་ས་ཞིག་ཏུ་ཡོད། 

ལས་འབྲས་ཀྱི་གསེར་ཟམ་ལ་དྲང་བདེན་གྱི་ཨ་ཡིག་འབྲི་དུས། 

ཁྱོད་ནི་སྒེར་དོན་གྱིས་རྐུབ་སྟེགས་ལ་ལྕེ་སྣ་བའི་ཁང་ཆུང་ཞིག་ཏུ་ཡོད་དམ།

ཡང་ན་གཞན་ཕན་གྱི་ལས་ལ་གཞོལ་བའི་སྐྱེད་ཚལ་ཞིག་ཏུ་ཡོད།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་གི་བྱེད་སྒོ་འདི་ཡག་བྱུང་།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།