ང་ཚོ།

རུས་རྐང་དྭངས་མ། (ཡུལ་ཤུལ།)        2023-08-15

ང་ཚོས་སྡུག་ཡུས་ཀྱི་འཇིག་རྟེན་དུ་སླེབས་པ་ནས་བཟུང་།

དཔྱོད་ཤེས་ཀྱིས་དབུལ་བའི་གླེན་པ་ལ་བསྟོད་གུས་བྱེད།

དྲང་བདེན་གྱིས་སྤྲས་པའི་མཁས་པ་ལ་ལོག་ལྟར་འཛིན་ནས།

འདི་ལྟར་བགྲང་བྱ་དུ་མ་ནས་དུ་མར་འགོར་སོང་བ་མ་ཡིན་ནམ། 


ང་ཚོས་ཁེངས་དྲེགས་ཀྱི་མི་ཡུལ་དུ་ཐོན་པ་ནས་བཟུང་།

གྲགས་སྙན་གྱི་གཡོ་རྒྱུ་ལ་ལད་ཟློས་བྱེད།

ཚུལ་མཐུན་གྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་ནས།

འདི་ལྟར་མི་ལོ་དུ་མ་ནས་དུ་མར་འགོར་སོང་བ་མ་ཡིན་ནམ།


  • ལེ་ཚན་སྔོན་མ།:གཙང་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།