བརྒྱད་ཟིལ་རྫོང་གིས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་སྤེལ།

བདེ་ཆེན་གྱིས་བསྒྱུར།        2023-08-15

བརྒྱད་ཟིལ་རྫོང་གིས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་སྤེལ།
རིག་གནས་ཡུལ་སྐོར་དུས་ཆེན་ཐོག་འཁྲབ་སྟོན་བྱེད་བཞིན་པའི་ཚུལ།

ཉེ་ཆར། བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱིས་ཡུལ་སྡེའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་མར་སྤེལ་འགོ་བཙུགས།

ཐེངས་འདིའི་ཡུལ་སྡེའི་རིག་གནས་ཡུལ་སྐོར་དུས་ཆེན་དེར་རིག་གནས་འགྲེམས་སྟོན་དང་གཟུགས་མེད་རིག་གནས་ཤུལ་བཞག། རིག་རྩལ་འཁྲབ་སྟོན། ཡུལ་སྐོར་སྤྲོ་འཆམ་སོགས་རྩོམ་རིག་དང་སྒྱུ་རྩལ།རིག་གནས་དང་ཡུལ་སྐོར་གཞི་གཅིག་ཏུ་འདྲེས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཡུལ་སྐོར་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ཞིང་། དེའི་རིང་ཡུལ་སྐོར་བ་ཚོས་རྩོམ་རིག་དང་མཛེས་རྩལ་གྱི་བརྩམས་ཆོས་ཁྲོད་ནས་ཁེ་རྡོའི་རྩོམ་རིག་དང་རིག་རྩལ་གྱི་མཛེས་པ་མྱོང་ཐུབ་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་ཁྲོད་ནས་ཁེ་རྡོའི་ཁྱད་ལྡན་རིག་གནས་ཤུལ་བཞག་གི་གསང་བ་ཤེས་རྟོགས་ཐུབ། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་དང་རྫོང་གི་ཞབས་བྲོའི་འགྲན་སྡུར་ཆེན་མོ་ལས་ཁེ་རྡོ་བུ་ཕྲུག་ཚོའི་སྙིང་སྟོབས་མངོན་ཞིང་། 《མཁའ་མཐའི་ཕ་ཡུལ》དང《ཨ་ཡེ་མོ་མོ》《ཨ་ཡེ་ཉུ་ཉུ》《ལ་གླུ་ཚིགས་བཅད》《ཅང་ལང་སྐོར་བྲོ》སོགས་མི་རིགས་ཀྱི་གླུ་གར་ལས་ལྟད་མོ་བར་ཁེ་རྡོ་མི་དམངས་ཀྱི་གདེང་ཚོད་དང་སྤྲོ་སྣང་སོགས་ཀྱི་བསམ་པའི་ཉམས་འགྱུར་དང་བདེ་སྐྱིད་འཚོ་བར་བཅངས་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་ཚོར་དུ་བཅུག་ཡོད།

ཐེངས་འདིའི་ཡུལ་སྡེའི་རིག་གནས་ཡུལ་སྐོར་དུས་ཆེན་ཐོག་ཁེ་རྡོ་གྲོང་རྡལ་གྱིས་ཡུལ་སྡེ་དར་རྒྱས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་།གོམས་སྲོལ་ལེགས་སྒྱུར།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུ་སོགས་ཀྱི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་།ལས་བྱེད་པ་དང་མང་ཚོགས་རྣམས་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ནང་ཧུར་ཐག་ཞུགས་པར་སྔར་བས་སྐུལ་མ་བཏང་བ་རེད།།




  • ལེ་ཚན་སྔོན་མ།:མེ་ཏོག་ཤུན་དབྱི་ཚའོ་ཡི་མཚོ་མོ་འཁྱིལ་བའི་མི་ཉག་ར་རྔ་ཁ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།