རོང་བྲག་རྫོང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཡོད་རྒུས་བསྐུལ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2023-08-14

སྤྱི་ཟླ8པའི་ཚེས12ནས13ཉིན་བར། “རོང་བྲག་མཛེས་ཤིང་སྡུག།དབྱར་གསུམ་བསིལ་རླུང་ལྡང”ཞེས་ཚ་གཡོལ་རོལ་དབྱངས་དུས་སྟོན་དེ་རོང་བྲག་རྫོང་ནས་སྤེལ་རྒྱུ་ཡིན་ཞིང་། དེས་རོང་བྲག་མཛེས་མའི་ལུང་པ་ཁོ་ནར་དབང་བའི་ཚ་གཡོལ་ཡུལ་སྐོར་གྱི་ཚ་རླབས་གསར་པ་ཞིག་འཕྱུར་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། རོང་བྲག་རྫོང་གིས“དུས་བཞིར་དུས་སྟོན་གཉེར”བའི་ས་ཁོངས་ཧྲིལ་པོར་དུས་ཚིགས་ཡོངས་ལ་ཡུལ་སྐོར་བྲིན་ཚོང་བྱེད་པ་གསར་དུ་བཏོད་ནས་དུས་སྟོན་ལ་བརྟེན་ནས་ཡུལ་སྐོར་སྐུལ་འདེད་དང་དཔལ་འབྱོར་འགྲན་གཉེར་དང་འཛུགས་སྐྲུན་བྱས། “མཛེས་པའི་རོང་བྲག”གི་ཡུལ་སྐོར་སྣང་བརྙན་ཤུགས་ཆེན་པོས་བཏོད་ནས་རོང་བྲག་རིག་གནས་ཡུལ་སྐོར་གྱི IPཡི་མིང་བྱང་གསར་པ་བཏོད། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཡོད་རྒུས་བསྐུལ་ནས“གནའ་བོའི་མཁར་རྫོང་དང་བོད་གྲོང། མཛེས་མའི་ལུང་པ—ཀྲུང་གོའི་ཆེས་མཛེས་པའི་གྲོང་སྡེ”ཞེས་པའི་མཚན་སྙན་སྔར་ལས་བཀྲག་མདངས་འཚེར་བར་བྱས།

རོང་བྲག་མཛེས་ཤིང་སྡུག།དབྱར་གསུམ་བསིལ་རླུང་ལྡང་ཞེས་པའི་ཚ་གཡོལ་རོལ་དབྱངས་དུས་སྟོན་གྱི་བྱེད་སྒོ་དེ“རིག་གནས་ཡུལ་སྐོརIPསྣང་བརྙན་འགྲེམས་སྟོན”དང“གསར་དར་དང་སྲོལ་རྒྱུན་ཟུང་འབྲེལ་གྱི་རྩེད་མོ”“རོང་བྲག་རང་ཉིད་ཀྱི་རོལ་དབྱངས་དུས་སྟོན”“རོང་བྲག་རང་གིས་གཉེར་བའི་རིག་གནས་གསར་གཏོད་ཀྱི་འདུ་ཚོགས་ཆེན་མོ”བཅས་ནང་དོན་གཙོ་བོར་བྱས་ཡོད། དུས་སྟོན་སླེབས་དུས“དེང་རབས་ཀྱི་རོལ་དབྱངས་འདུ་ཚོགས་དང་སྲོལ་རྒྱུན་རྩེད་འཇོའི”བྱེད་ཐབས་ལས་ཡུལ་སྐོར་བ་དང་མང་ཚོགས་ཚོས་གསར་དར་རོལ་དབྱངས་ཀྱི་སྤྲོ་སྣང་ལ་མྱོང་རོལ་ཐུབ་པར་མ་ཟད། རྒྱལ་རོང་གི་ཉམས་འགྱུར་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་རྒྱུ་རེད།

བྱེད་སྒོ་སྤེལ་རིང་། རོང་བྲག་རིག་གནས་ཡུལ་སྐོརIPསྣང་བརྙན་དང་ཚ་གཡོལ་དུས་ཚིགས་ཀྱི་ཡུལ་སྐོར་ལམ་ཐིག་ཁྱབ་བསྒྲགས་བྱ་རྒྱུ་རེད། སྤྱི་ཟླ8པའི་ཚེས12ཉིན། སྐྱེ་ཁུངས་རོང་བྲག་ནས་ཡིན་པའི་གཞས་པ་དང་སྒྱུ་རྩལ་པ། རོལ་ཚོགས་བཅས་ཀྱིས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོར་མཛའ་གཞས་དང་དམངས་གླུ། འདར་འགྲིལ་རོལ་དབྱངས་སོགས་རྣམ་པ་སྣ་མང་གི་སྒོ་ནས་དེ་གར་ཡོད་པའི་ལྟད་མོ་བ་ཚོར་ཡིད་དབང་འཕྲོག་པའི་རོལ་དབྱངས་ཀྱི་སྟོན་མོ་ཞིག་བཤམ་རྒྱུ་རེད། སྤྱི་ཟླ8པའི་ཚེས13ཉིན། རོང་བྲག་སྐོར་བྲོ་དང་རོང་བྲག་ལ་གླུ་འགྲན་བསྡུར་སྤེལ་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་འཁྲབ་སྟོན་དང་དམངས་ཡོངས་ཞུགས་པའི་ཁྱད་ལྡན་ལ་གཞས་འདུ་ཚོགས་སྤེལ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་ནས“མཛེས་མའི་ལུང་པ”ཞེས་པའི་མཚན་སྙན་ཡོད་པའི་རོང་བྲག་ནི་རྒྱལ་མོ་རྔུལ་ཆུའི་གྲོང་ཁྱེར་དང་པོ་དང་རྒྱལ་རོང་བོད་རིགས་ཡུལ་སྲོལ་གོམས་གཤིས་རིག་གནས་རྒྱུན་འཛིན་ལྟེ་གནས་ཡིན། དེའི་མ་ཚད་སི་ཁྲོན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་དང་ཀྲུང་གོའི་དོམ་ཁྲའི་ལམ་ཆེན། ཤར་བུད་མེད་རིག་གནས་ཡུལ་སྐོར་སྐོར་ལམ་བཅས་ཀྱི་དམིགས་ས་དང་བསྡུ་འགྲེམས་ལྟེ་གནས་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན། དེའི་ས་ཁོངས་ནང་གི་བརྒྱ་རྒྱུད་བོད་གྲོང་དང་སོག་པོའི་མཁར་ཚོགས། དཀྱིལ་ལམ་བོད་གྲོང་སོགས་ལྗོངས་ཁུལ་ལ་སྐད་གྲགས་ཆེན་པོ་ཡོད་པ་རེད། རོང་བྲག་བོད་གྲོང་དེ《ཀྲུང་གོའི་རྒྱལ་ཁབ་ས་ཁམས》དུས་དེབ་ཀྱིས“ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་སྡེའི་གནའ་བོའི་གྲོང་རྡལ་ཆེན་པོ་དྲུག”གི་ཡང་རྩེར་བདམས་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་སེར་ཤུལ་རྫོང་དུ་སྒྲོག་འགྲེལ་དང་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:འདམ་རྡོ་ཆུ་རུད་འབྱུང་ཚེ་ཇི་ལྟར་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10