རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།

ཐུབ་བསྟན་དང་རྟ་མགྲིན་རྡོ་རྗེས་བྲིས།        2023-08-14

《ཀན་ལྷོ་ཉིན་རེའི་གསར་འགྱུར》བཏོན་ནས་ལོ་འཁོར70ལོན་པ་དང་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་འཚོག་འགོ་བཙུགས།  

 རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།

   2023ལོའི་སྤྱི་ཟླ8པའི་ཚེས14ཉིན།《ཀན་ལྷོ་ཉིན་རེའི་གསར་འགྱུར》བཏོན་ནས་ལོ་འཁོར70ལོན་པ་དང་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་འཚོག་འགོ་བཙུགས་པ་རེད། ཐེངས་འདིའི་ཚོགས་འདུ་ནི་ཀན་ལྷོ་ཉིན་རེའི་ཚགས་པར་ཁང་དང་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་ཚོགས་འདུའི་སྒྲིག་འཛུགས་ཨུ་ལྷན་གྱིས་གཙོ་གཉེར་བྱས་ཤིང་། ཚོགས་འདུའི་དུས་ཡུན་ནི་ཉིན་ལྔ་ཡིན་ལ་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་ལས་ཁུངས29ཡི་མི60ལྷག་གྲོས་ཚོགས་སུ་ཞུགས་ཡོད། 

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།
མཱ་ཡུས་ཀྱིས་གསུང་བཤད་གནང་བཞིན་པ།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།
ཝང་ཧྥང་གིས་བརྒྱུད་བསྒྲགས་གནང་བཞིན་པ། 

   འགོ་ཚུགས་མཛད་སྒོར་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མཱ་ཡུས་དང་། ཀན་ལྷོ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཏུང་ཡན་ཆིང་། ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཝང་ཧྥང་། ཀན་ལྷོ་ཁུལ་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ལུའུ་དབྱི། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡེ་ཤེས་རྒྱ་མཚོ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཚན་ཁག་གི་ཁོངས་མི། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་བཅས་གྲོས་ཚོགས་སུ་ཞུགས་པ་དང་། བློ་མཐུན་ཝང་ཧྥང་གིས་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཧོ་མུའུ་པའོ་ཡིས《ཀན་ལྷོ་ཉིན་རེའི་གསར་འགྱུར》བཏོན་ནས་ལོ་འཁོར70ལོན་པ་དང་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པར་གནང་བའི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་གནང་། བློ་མཐུན་མཱ་ཡུས་ཀྱིས་གསུང་བཤད་གནང་བ་དང་། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་སྒྲིག་འཛུགས་ཨུ་ལྷན་གྱི་འགན་ཁུར་བ་ཡེ་ཤེས་རྒྱ་མཚོ་ཡིས་ཤིས་ཚིག་ཕུལ་བ་རེད། ཀན་ལྷོ་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀྲང་ཏ་ཡུང་གིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།
ཡེ་ཤེས་རྒྱ་མཚོས་ཤིས་ཚིག་འབུལ་བཞིན་པ།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།
ཀྲང་ཏ་ཡུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ། 

   འགོ་ཚུགས་མཛད་སྒོ་མཇུག་རྫོགས་རྗེས་ཞིན་ཅང་སློབ་ཆེན་གསར་འགྱུར་དང་ཁྱབ་སྒྲོག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཀྲང་ཞའོ་ཀྲེན་དང་། ཀྲུང་གོ་གཏོང་སྦྱོར་སློབ་ཆེན་གསར་འགྱུར་སློབ་གླིང་གི་སློབ་དཔོན་ཆེན་མོ་ཝང་ཅན་ཧྭ། ཀྲུང་གོ་མི་དམངས་སློབ་ཆེན་གསར་འགྱུར་སློབ་གླིང་གི་སློབ་དཔོན་ཆེན་མོ་ཝང་ཧྲུའུ་ལེང་བཅས་ཀྱིས་གསར་གཏོད་རྒྱུད་འཛིན་གྱིས་འབྱུང་འགྱུར་གསལ་བར་བྱེད་ཅེས་པའི་གཙོ་དོན་གཏམ་བཤད་གནང་བ་རེད།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།

ཀྲང་ཞའོ་ཀྲེན་གྱིས་གཏམ་བཤད་གནང་བཞིན་པ། 

 རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།
ཝང་ཅན་ཧྭ་ཡིས་གཏམ་བཤད་གནང་བཞིན་པ།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།
ཝང་ཧྲུའུ་ལེང་གིས་གཏམ་བཤད་གནང་བཞིན་པ། 

   ཕྱིན་ཆད་ཉིན་འགའི་ནང་ཚོགས་ཞུགས་མི་སྣ་ཚོས2021ལོའི་ཟླ་བ7པའི་ཚེས1ནས2023ལོའི་ཟླ་བ6པའི་ཚེས30ཉིན་བར་གྱི་རྒྱལ་ཁབ་ཀྱི་ཆོག་མཆན་དངོས་སུ་ཐོབ་པའི་གསར་འགྱུར་འོས་ཐོབ་ཡོད་པའི་བོད་ཡིག་ཚགས་པར་དང་དུས་དེབ། རྒྱང་བསྒྲགས་བརྙན་འཕྲིན། གསར་འགྱུར་དྲྭ་ཚུགས། སྨྱན་སྦྱོར་གསར་བ་བཅས་སུ་བཀོད་པའི་གསར་འགྱུར་བརྩམས་ཆོས་སྤུས་ལེགས་ལ་དཔྱད་འདེམས་བྱ་རྒྱུ་དང་། ཐ་སྙད་གསར་པ་དཔྱད་འབེབས། ཀན་ལྷོའི་དེངས་རབས་ཅན་ལ་སྐུལ་བར་དམིགས་ནས་ཚོན་མདངས་རྣམ་པར་བཀྲ་བའི་ཤམ་བྷ་ལར་བཅར་འདྲི་བྱེད་ཅེས་པའི་གཙོ་དོན་བཅར་འདྲི་བྱེད་སྒོ། བགྲང་བྱ་བདུན་ཅུ་ཀན་ལྷོའི་ཚགས་པར་ངོས་སུ་གསལ། འབད་པ་ཆེན་པོས་ཡར་ཐོན་ལེའུ་གསར་དུ་རྩོམ་ཞེས་པའི་འགྲེམས་སྟོན་སྒོ་འབྱེད་མཛད་སྒོ་སོགས་སྤེལ་རྒྱུ་རེད།

 རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།
རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།
རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།
རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།

ཚོགས་རའི་ཡུལ་དངོས། 

   ཐེངས་འདིའི་གྲོས་ཚོགས་ཀྱི་ལས་འགན་ནི་སྨྱན་སྦྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་གྱི་ཁྱབ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ། བོད་ཡིག་སྨྱན་སྦྱོར་བར་གྱི་མཉམ་ལས་སྤེལ་རེས་སྔར་ལས་ཇེ་ཆེར་གཏོང་ཞིང་། རང་རྟོགས་ཀྱིས་དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྒྲིལ། མི་གསར་སྐྱོང་བ། རིག་གནས་སྤེལ་བ། གཟུགས་རྣམ་སྟོན་པ་བཅས་ཀྱི་འགན་འཁྲི་འཁུར་བ་དང་། རྒྱལ་ཡོངས་བོད་ཡིག་གཙོ་རྒྱུན་སྨྱན་སྦྱོར་གྱིས་ཏང་གི་སྐད་སྒྲ་ཁྱབ་སྒྲོག་དང་དུས་རབས་ཀྱི་ཡར་ཐོན་ཐོ་འགོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་མི་རིགས་མཐུན་སྒྲིལ་ཡོང་བར་སྐུལ་ཞིང་འདེད་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་ལེན་བསྟར་བ་དང་། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་གྱི་དྲིལ་སྒྲོག་བྱ་གཞག་དང་སྨྱན་སྦྱོར་མཉམ་དུ་གོང་འཕེལ་ཡོང་བར་སྐུལ་བའི་ཆེད་དུ་ཡིན་པ་རེད།།

རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས༢༡པ་འཚོག།
ཚོགས་རའི་ཡུལ་དངོས།


  • ལེ་ཚན་སྔོན་མ།:འདམ་རྡོ་ཆུ་རུད་འབྱུང་ཚེ་ཇི་ལྟར་བྱ་དགོས།
  • ལེ་ཚན་རྗེས་མ།:མེ་ཏོག་ཤུན་དབྱི་ཚའོ་ཡི་མཚོ་མོ་འཁྱིལ་བའི་མི་ཉག་ར་རྔ་ཁ།
  • དོ་སྣང་ཆེ་བའི་རྩོམ།