སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་གི་བྱེད་སྒོ་འདི་ཡག་བྱུང་།

བསྟན་འཛིན་ཡེ་ཤེས་ཀྱིས་བྲིས།        2023-08-15

 སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་གི་བྱེད་སྒོ་འདི་ཡག་བྱུང་།

     ཉེ་ཆར། སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་གིས་བོད་ཀྱི་གཏམ་དཔེ་འགྲན་སྡུར་སྐབས་དང་པོ་སྤེལ་བ་རེད། ཡུལ་ཤོག་ཡོངས་ནས་བདམས་ཐོན་བྱུང་བའི་གཏམ་བཤད་པ24ཡིས་རིམ་པ་བཞིན་འགྲན་སྡུར་དུ་ཞུགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཡུལ་སྡེ་དར་རྒྱས། མི་རིགས་མཐུན་སྒྲིལ་སོགས་ཀྱི་ནང་དོན་ཚང་མ་གཏམ་དཔེ་ལས་མངོན་པར་བྱས་ནས་འགྲན་སྡུར་བྱས་ཡོད་པ་རེད།

     ད་ཐེངས་ཀྱི་འགྲན་སྡུར་དེ་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་དུས་ཚོད་གཏན་ཁེལ་ནང་ཚོད་འཛིན་བྱས་ཏེ་གཏམ་བཤད་བྱས་པ་དང་། དཔྱད་འདེམས་དགེ་རྒན་ཚོས་འགྲན་ཞུགས་གཏམ་བཤད་པའི་གཏམ་བཤད་ཀྱི་ནུས་པ་དང་། ཚིག་སྦྱོར་བདེ་བ། ཐ་སྙད་གནད་སྨིན་རང་བཞིན། སྨྲ་ལྕེ་དག་མོ། དཔེ་དོན་འབྲེལ་ཆགས་པ་སོགས་ཀྱི་སྐོར་ནས་སྐར་མ་སྟེར་ཡོད་པ་རེད།

སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་གི་བྱེད་སྒོ་འདི་ཡག་བྱུང་།

  འགྲན་སྡུར་བྱས་མཐར་བྱ་དགའ་ཨང་དང་པོ་གཅིག་དང་ཨང་གཉིས་པ2། བྱ་དགའ་ཨང་གསུམ་པ3། བྱ་དགའ་ཕུལ་བྱུང4བཅས་བདམས་ཐོན་བྱུང་བ་རེད།

   བྱེད་སྒོའི་མཇུག་ཏུ་རྫ་སྟོད་ལས་དོན་ཨུ་ལྷན་དང་། སེར་ཤུལ་གྲོང་རྡལ། དགེ་མང་ཤང་། རྫོང་རིག་གནས་ཡུལ་སྐོར་ཅུས་སོགས་སྡེ་ཚན་གྱི་འགན་འཁུར་དང་དཔྱད་འདེམས་དགེ་རྒན་ཚོས་བྱ་དགའ་སྤྲད་པ་དང་དྲན་རྟེན་འདྲ་པར་བླངས་པ་རེད།

སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་གི་བྱེད་སྒོ་འདི་ཡག་བྱུང་།

     ད་ཐེངས་ཀྱི་འགྲན་སྡུར་ནང་སྣ་མང་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་ཁྱབ་གདལ་ནུས་ལྡན་བཏང་ནས་བོད་ཀྱི་གཏམ་དཔེ་ལ་དགའ་པོ་ཡོད་མཁན་ཚོས་ཕན་ཚུན་སློབ་སྦྱོང་བྱེད་ཡུལ་གྱི་གར་སྟེགས་བཟང་པོ་ཞིག་བསྐྲུན་ཏེ་ཏང་གི་འགོ་ཁྲིད་འོག་འབྲོག་པ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མངོན་པར་བྱས་ནས་རྒྱ་ཆེ་བའི་མང་ཚོགས་བདེ་སྐྱིད་ཀྱི་འཚོ་བའི་ཕྱོགས་སུ་འབད་འབུངས་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    མི་གྲངས300ལྷག་ཐེངས་འདིའི་གཏམ་དཔེ་འགྲན་སྡུར་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།

སེར་ཤུལ་རྫོང་ཀ་བཞི་ཡུལ་ཤོག་གི་བྱེད་སྒོ་འདི་ཡག་བྱུང་།


  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གིས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།