གཙང་པོ།

རུས་རྐང་དྭངས་མ། (ཡུལ་ཤུལ།)        2023-08-15

ནག་ནོག་གི་དྲི་མས་མ་གཡོགས།

ཐལ་མདོག་གི་རྡུལ་གྱིས་མ་བཅིངས་པའི་གཙང་པོ་དེ།

ལ་དང་ལུང་པ་བརྒལ་ནས་བཞུར་གྱིན་འདུག 

རི་དང་གངས་རི་བརྒྱུད་ནས་འབབ་བཞིན་འདུག 

བྲེལ་ཚུབ་ཀྱིས། 

ཉིན་མཚན་དབྱེར་མེད་དུ་བཞུར། 

རྒྱུན་མི་ཆད་པར་བཞུར། 

སུ་ཞིག་གི་ཆེད་དུ།   གང་ཞིག་གི་དོན་དུ། 

ཙག་ཙིག་གི་གྲང་ངར་ལ་མི་འཛིན་པར།

དྲག་ཆར་གྱི་རླུང་འཚུབ་ལ་མི་ལྟ་བར། 

ཆུ་ཕྲན་རེ་རེ་དང་།  རྦ་རླབས་རེ་རེ་དང་མཉམ་དུ།

རྟག་ཏུ་བཞུར།  

ནམ་ཞིག་ཁྱེད་བཞུར་མི་དགོས་པར་རྒྱ་མཚོ་ཞིག་ཏུ་ཐོན་ཚེ།

ངལ་ཞིག་གསོ་རོགས།  གཙང་པོ་ལགས། 

ནམ་ཞིག་ཁྱེད་འབབ་མི་དགོས་པར་རྫིང་བུ་ཞིག་ཏུ་སླེབས་ཚེ།

ངལ་ཞིག་གསོ་རོགས།   གཙང་པོ་ལགས། 


  • ལེ་ཚན་སྔོན་མ།:མཚན་གུང་གི་རྨི་ལམ་རིང་མོ།
  • ལེ་ཚན་རྗེས་མ།:ང་ཚོ།