ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༢༤

        2023-08-17

འགྲོ་བ་མིའི་ལོ་རྒྱུས་ཀྱི་འཕེལ་རིམ་རིང་པོའི་ནང་། མི་རིགས་ཁག་གིས་རང་ངོས་ཀྱི་ཁྱད་ཆོས་དང་མཚོན་རྟགས་ཡོད་པའི་ཤེས་དཔལ་བཏོད་ནས་འགྲོ་བ་མིའི་ཤེས་དཔལ་གྱི་རྣམ་པར་བཀྲ་བའི་མེ་ཏོག་ལྡུམ་ར་མཉམ་དུ་ཆགས་ཡོད།ཤེས་དཔལ་སྣ་ཚོགས་ནི་མི་རིགས་ཁག་གི་ལོ་རྒྱུས་འཚོལ་ཞིབ་དང་གསར་འབྱེད་ཀྱི་གསོག་འཇོག་ཕུན་སུམ་ཚོགས་པ་ཞིག་ཡིན་ལ།ད་ཆའི་མི་རིགས་ཁག་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་ཁྲིད་སྟོན་ཟབ་མོ་ཞིག་ཀྱང་ཡིན།ང་ཚོས་འགྲོ་བ་མིའི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་འགྲོ་བ་མིའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་འཛུགས་པར་ཤེས་དཔལ་སྣ་ཚོགས་ཀྱི་འབྱུང་ཁུངས་ཡུན་རིང་དང་ནང་དོན་ཕུན་སུམ་ཚོགས་པ་ངེས་པར་དུ་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ཏེ།ཤེས་དཔལ་མཐའ་དག་གི་སྙིང་བཅུད་ཀྱིས་དེང་དུས་དང་འགྲོ་བ་མི་ལ་བདེ་སྐྱིད་བསྐྲུན་དུ་བཅུག་དགོས།ཀྲུང་གོ་དང་ཀེ་རི་སེའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ལྟེ་གནས་ཀྱིས་དེའི་ཐད་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་པར་ཡིད་ཆེས་ཡོད།།


 ཞི་ཅིན་ཕིང་གིས་ཀེ་རི་སེའི་མཁས་དབང་ཚོར་སྤྲིངས་པའི་ཡིག་ལན། 2023ལོའི་ཟླ་བ2ཚེས20ཉིན་ཞིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ།



ལོ་ཙཱ་བ། སྐལ་ཐུབ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཞིག《བདེན་འཚོལ》དུས་དེབ་ཏུ་སྤེལ།
  • ལེ་ཚན་རྗེས་མ།:ཀན་ལྷོའི་རྔ་རྒོད་སྡེ་བར་ལྟད་མོར་ཕེབས་ཤོག།
  • དོ་སྣང་ཆེ་བའི་རྩོམ།