ཞི་ཅིན་ཕིང་གིས་ཞིན་ཅང་གི་སྙན་སེང་གསན་རྗེས་གསུང་བཤད་གལ་ཆེན་གནང་།

        2023-08-29

ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལས་དོན་སྙན་སེང་གསན་སྐབས་ནན་གསུང་གནང་དོན།

རྒྱལ་ཁབ་སྤྱི་ཡོངས་ཁྲོད་ཀྱི་ཞིན་ཅང་གི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཛེས་སྡུག་ལྡན་པའི་ཞིན་ཅང་དེ་བས་འཛུགས་སྐྲུན་ཡག་པོ་བྱེད་དགོས།


ཞི་ཅིན་ཕིང་གིས་ཞིན་ཅང་གི་སྙན་སེང་གསན་རྗེས་གསུང་བཤད་གལ་ཆེན་གནང་།

སྤྱི་ཟླ8པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་པ་དང་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་ནས་རྒྱལ་ནང་དུ་ལོག་ཕེབས་རྗེས། ཝུའུ་ལུའུ་མུའུ་ཆི་རུ་ཆེད་མངགས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལས་དོན་སྙན་སེང་གསན་ནས་གསུང་བཤད་གལ་ཆེན་གནང་།

   

     ཞིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་སྤྱི་ཟླ8པའི་ཚེས26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལས་དོན་སྙན་སེང་གསན་སྐབས། དུས་རབས་གསར་པའི་ཏང་གི་ཞིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་ཀྱི་ཞིན་ཅང་གི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ལས་ཀའི་སྤྱིའི་དམིགས་ཚད་དམ་པོར་འཛིན་པ། ཁྲིམས་ལྟར་ཞིན་སྐྱོང་དང་། མཐུན་སྒྲིལ་ཞིན་བརྟན། རིག་གནས་ཞིན་འཕེལ། དམངས་ཕྱུག་ཞིན་དར། ཡུན་རིང་ཞིན་སྐྲུན་བཅས་ཀྱི་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་སྒོ་ནས་སྒྲུབ་པ། བརྟན་ཐོག་ཡར་འཕེལ་དང་། ཤུགས་སྣོན་ཆད་མེད། སྙིང་རུས་བརྟན་འཁྱོངས་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཐུན་སྒྲིལ་ཞི་མཐུན་དང་། དར་རྒྱས་འབྱོར་ཕྱུག། ཤེས་དཔལ་ཡར་རྒྱས། བདེ་སྡོད་ལས་བརྩོན། སྐྱེ་ཁམས་ལེགས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཞིན་ཅང་དེ་བས་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

     སྤྱི་ཟླ8པའི་ཚེས26ཉིན། ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་པ་དང་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་རྒྱལ་ནང་དུ་ལོག་ཕེབས་རྗེས། ཝུའུ་ལུའུ་མུའུ་ཆི་རུ་ཆེད་མངགས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལས་དོན་སྙན་སེང་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་མ་ཞིན་རུའེ་སོགས་ཀྱིས་སྙན་སེང་ཞུས་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཨེར་ཁེན·ཐུའུ་ཉི་ཡ་ཙེ་སོགས་སྙན་སེང་ཚོགས་འདུར་ཞུགས་པ་རེད།

     སྙན་སེང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཞིན་ཅང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གནང་ཞིང་། ཁོང་གིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཞིན་ཅང་གི་ལས་དོན་ལ་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་ཡོད་ལ། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཞིན་ཅང་གི་ལས་དོན་ཁག་གི་སྐོར་ལ་བཏོན་པའི་ཏང་ཀྲུང་དབྱང་གི་བླང་བྱ་ནི་ཧ་ཅང་ཁ་གསལ་ཡིན། འགག་རྩ་དེ་གོ་བ་ཡང་དག་ལེན་པ་དང་དོན་འཁྱོལ་གནད་འཁེལ་བྱེད་པར་ཐུག་ཡོད། གཅིག་ནས་མིག་སྔར་དམ་འཛིན་ཏན་ཏིག་བྱས་ནས་མིག་སྔའི་འཕེལ་རྒྱས་དང་བརྟན་ལྷིང་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ལ། གཅིག་ཤོས་ནས་ཕུགས་ཀྱི་ཇུས་གཞི་བཀོད་དེ་ཡུན་རིང་བདེ་འཁོད་དང་འབྲེལ་བའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གདིང་རྩའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་ཧུར་ཐག་བྱེད་དགོས།


ཞི་ཅིན་ཕིང་གིས་ཞིན་ཅང་གི་སྙན་སེང་གསན་རྗེས་གསུང་བཤད་གལ་ཆེན་གནང་།

སྤྱི་ཟླ8པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་པ་དང་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་ནས་རྒྱལ་ནང་དུ་ལོག་ཕེབས་རྗེས། ཝུའུ་ལུའུ་མུའུ་ཆི་རུ་ཆེད་མངགས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུ་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ལས་དོན་སྙན་སེང་གསན་ནས་གསུང་བཤད་གལ་ཆེན་གནང་།


     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་འཇོག་པ་དང་བརྟན་ལྷིང་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་གཉིས་ཀྱི་ལས་དོན་སྤྱི་འདོམས་དང་ཟུང་འབྲེལ་བྱ་རྒྱུར་ཤུགས་བརྒྱབ་སྟེ། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་པ་དང་ཡུན་རིང་བདེ་འཁོད་ལ་དམིགས་པ་དང་། ཁྲིམས་སྐྱོང་གི་དར་ཆ་མཐོན་པོར་སྒྲེང་བ། བཅའ་ཁྲིམས་ཀྱི་མཚོན་ཆ་ཡག་པོ་སྤྱོད་པ། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་བརྟན་ལྷིང་གི་ཁྲིམས་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། 

   ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་འགོག་སེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འཇིགས་སྐུལ་ལ་ངོ་རྒོལ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཁྲིམས་སྐྱོང་ཅན་ནམ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱས་ཏེ། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་མཐའ་འཁྱོངས་བྱས་ནས་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་ཤུགས་རྒྱག་དགོས། དབྱི་སི་ལན་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཁྲིམས་དང་མི་མཐུན་པའི་ཆོས་ལུགས་བྱེད་སྒོ་སྣ་ཚོགས་ལ་བཅོས་སྐྱོང་ནུས་ལྡན་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བདེ་དུས་ཉེན་ཟོན་བྱེད་པ། ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བཅས་བྱས་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་སྤྱི་ཚོགས་བརྟན་ལྷིང་གི་རྣམ་པ་བརྟན་དུ་གཏོང་དགོས།

   ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་རེད་ལ། མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡང་རེད། དེས་ན་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལམ་ཡང་ན་སྲིད་ཇུས་དང་བྱ་ཐབས་གང་ཞིག་བཏོན་རུང་། དང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཕན་པ་ཡོད་མེད་ལ་བསམ་གཞིག་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་མཐའ་གཅིག་ཏུ་ཁྱབ་སྤེལ་བཏང་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་མང་ཚོགས་ཀྱི་འདུ་ཤེས་རིམ་བཞིན་ཟབ་ཏུ་དང་ནུས་པ་རིམ་བཞིན་ཆེ་རུ་གཏོང་དགོས། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པ་དང་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱེད་དགོས། གཞོན་ནུ་ལོ་ཆུང་ལ་དེང་རབས་ཀྱི་ཤེས་དཔལ་སློབ་གསོ་དང་ཚན་རྩལ་ཁྱབ་གདལ་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་ཁོ་ཚོ་དེང་རབས་ཀྱི་ཤེས་དཔལ་ལྡན་པའི་འཚོ་བར་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱེད་དགོས། མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མི་འབོར་དང་ཐོན་ལས་འདུས་ཚད་མཐོ་རུ་གཏོང་བ། ཕན་ཚུན་འབྲེལ་མཐུད་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་མགྱོགས་པོ་སྐྲུན་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།

     ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཞིན་ཅང་ལ་གོ་སྐབས་གསར་པ་བྱུང་ཡོད་པས་བྱས་རྗེས་གསར་པ་འཇོག་དགོས། ཐོན་ཁུངས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞི་བཅས་ལ་གཞི་བཙུགས་ཏེ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། ཞིན་ཅང་གི་ཁྱད་ཆོས་དང་ལེགས་ཆ་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་པོ་སྐྲུན་པ། ཞིན་ཅང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་དགོས། ཞིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་གྲོང་གསེབ་ཏུ་ཡོད། དེས་ན་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཡུལ་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་བ་འཕེལ་རྒྱས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་དང་ཆུའི་ཐོན་ཁུངས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། དེང་རབས་ཞིང་ལས་དང་འོད་ཤུགས་སོགས་ཐོན་ལས་གླིང་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་ལྟར་འཕེལ་རྒྱས་ཀྱི་འཕར་སྣེ་གསར་པ་སྐྱེད་སྲིང་བྱེད་དགོས། ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཞིན་ཅང་དང་ནང་སའི་དབར་གྱི་ཐོན་ལས་མཉམ་ལས་དང་མི་འགྲོ་འོང་ལ་ཤུགས་བརྒྱབ་སྟེ། ཞིན་ཅང་གི་མང་ཚོགས་ནང་སར་ལས་ཞུགས་ལ་སྐྱོད་པར་ལྕག་སྐུལ་ཁྲིད་སྟོན་དང་། ནང་སའི་མི་ཞིན་ཅང་དུ་ལས་གཏོད་དང་གནས་སྡོད་ལ་སྐྱོད་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། ཞིན་ཅང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་ས་བབ་ཀྱི་ལེགས་ཆ་བཏོན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཧུར་ཐག་ཞུ་བ་དང་དེར་མཉམ་འདྲེས་ཐུབ་པར་བྱེད་དགོས་ཤིང་། དོན་དངོས་ལ་གཞི་ཚུགས་ནས་ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་ལ་དམ་འཛིན་ཡག་པོ་དངརྒྱུད་གཅིག་ལམ་གཅིགགི་ལྟེ་བའི་ཁུལ་མགྱོགས་པོ་བསྐྲུན་ནས་ཞིན་ཅང་རང་རྒྱལ་གྱི་ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི་ཟམ་སྣེའི་བཙན་རྫོང་ལྟ་བུར་འགྱུར་བར་བྱེད་དགོས།

   ཞི་ཅིན་ཕིང་གིས་བསྟན་གནང་དོན། ཞིན་ཅང་གི་ལས་དོན་ཡག་པོ་སྒྲུབ་པར་ལས་ཀའི་སྟོབས་ཤུགས་གཞི་རིམ་དུ་མཐའ་འཁྱོངས་གཏོང་དགོས་ཤིང་། ཏང་ཡོན་དང་ལས་བྱེད་པས་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་རྩ་འཛུགས་མ་ལག་དང་ལས་ཀའི་སྟོབས་ཤུགས་གཞི་རིམ་དུ་ཐད་ཀར་ཕྱོགས་ནས་གཞི་རིམ་གྱི་འཐབ་ས་དང་པོའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་གཞི་རིམ་གྱི་ཏང་རྩ་འཛུགས་རྦད་དེ་ཁྱབ་པར་བྱས་ནས། གཞི་རིམ་ཏང་རྩ་འཛུགས་འགའ་ཞིག་གི་ནུས་མེད་ཟབ་ཟོབ་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། གཙོ་གནད་གྲོང་གསེབ་ཏུ་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་མངགས་པའི་ལམ་ལུགས་ལེགས་སུ་བཏང་སྟེ། གྲོང་སྡོད་ལས་དོན་རུ་ཁག་གཤམ་དུ་མངགས་པ་དང་ས་གནས་དེ་གའི་ལས་བྱེད་པ་གསོ་སྐྱོང་བྱེད་དགོས། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་གོང་སྤེལ་བཏང་སྟེ།མང་ཚོགས་ཀྱི་བདེ་སྡུག་གསལ་པོ་ཤེས་པར་བྱས་ནས་གཞི་རིམ་མང་ཚོགས་ཀྱི་དཀའ་ངལ་དང་འགལ་བ་དུས་ཐོག་ཏུ་སེལ་དགོས།

   ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་བརྒྱབ་ནས་ཞིན་ཅང་གི་སྒོ་དབྱེའི་གདེང་ཚོད་ཀྱི་རྣམ་པ་གསར་པ་མངོན་པ་དང་། ཐབས་ལམ་མང་པོ་དང་རྣམ་པ་མང་པོ་ནས་དུས་རབས་གསར་པའི་ཞིན་ཅང་གི་གཏམ་རྒྱུད་ཡག་པོ་ཤོད་པ། དྲང་བདེན་མིན་པའི་གླེང་ཕྱོགས་དང་། ལྡོག་ཕྱོགས་ཀྱི་གླེང་ཕྱོགས། གནོད་ཡོད་གཏམ་བརྗོད་བཅས་སྣ་ཚོགས་ལ་དམིགས་ནས་ཐེར་འདོན་དགག་པ་རྒྱག་དགོས། ཞིན་ཅང་ཡུལ་སྐོར་གྱི་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཞིན་ཅང་དུ་འགྲོ་བར་སྐུལ་ལྕག་གཏོང་དགོས།

   ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་དང་དམག་དཔུང་དང་ས་གནས་ཀྱི་བསམ་ཇུས་གཅིག་མཐའ་འཁྱོངས་བྱས་ཏེ། འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། ལས་བྱེད་ཤེས་ལྡན་པ་སོགས་ཀྱི་ཐད་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་ནས་དམག་དཔུང་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།

   ཞི་ཅིན་ཕིང་གིས་ཞིན་ཅང་གི་ལས་དོན་ཡག་པོ་སྒྲུབ་པར་འགག་རྩ་ནི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་ལ་ཤུགས་ཏན་ཏིག་རྒྱག་པར་ཐུག་ཡོད། དེས་ན་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་ནན་ཏན་དང་། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། ཞིན་ཅང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་བྱེད་པའི་དཔུང་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སྲིད་ཇུས་གསོ་སྦྱོང་ལ་ཤུགས་རྒྱག་པ་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་དང་། སྲིད་ཇུས་ཁོང་དུ་ཆུད་པ། ལས་དོན་ལ་སྐུལ་འདེད། མང་ཚོགས་དང་འབྲེལ་གཏུག་བཅས་བྱེད་པའི་རིམ་ཁག་མགོ་ཁྲིད་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། ལས་བྱེད་པའི་དཔུང་ཁག་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་དགོས། ཞིན་ཅང་གིས་ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་དང་ནང་སའི་ལས་བྱེད་པ་དང་ཕན་ཚུན་སྤེལ་རེས་དང་གནས་སྦྱར་འགན་འཁུར་ལ་ཤུགས་བརྒྱབ་ནས། ལས་བྱེད་པའི་གྲུབ་ཆ་ལེགས་སུ་གཏོང་བ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས། སྤྱོད་ཚུལ་བཟང་དུ་གཏོང་བ་དང་། སྒྲིག་ཁྲིམས་ནན་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་མུ་མཐུད་གཏིང་ཟབ་སྤེལ་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་སྙན་སེང་ཚོགས་འདུར་ཞུགས་ཡོད་པ་རེད།

   ཝང་དབྱི་དང་། ཧྲི་ཐའེ་ཧྥུང་། ལི་ཀན་ཅེ། ཧོ་ཝུའེ་ཏུང་། ཧོ་ལི་ཧྥུང་། ཁྲེན་ཝུན་ཆིང་། ཝང་ཞའོ་ཧུང་། དེ་བཞིན་གཙོ་དོན་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོ་ཆུང་བཅོ་ལྔ་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་སྙན་སེང་ཚོགས་འདུར་ཞུགས་ཡོད་པ་རེད།།



ཡོང་ཁུངས། མི་དམངས་དྲ་བ།

རྩོམ་སྒྲིག་པ། ནོར་བུ།


  • ལེ་ཚན་སྔོན་མ།:མི་རིགས་མཐུན་སྒྲིལ་གྱི་གཞས་དབྱངས་མཉམ་དུ་བརྩམས། བདེ་སྐྱིད་འཆམ་མཐུན་གྱི་གླུ་དབྱངས་མཉམ་དུ་ལེན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།