ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༢༨

        2023-08-24

ཀྲུང་གོའི་སྲོལ་རྒྱུན་ཇ་བཟོའི་ལག་རྩལ་དང་དེའི་འབྲེལ་ཡོད་གོམས་གཤིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འགྲོ་བ་མིའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་གཞུང་ནང་བཙུད་པས་ཀྲུང་གོའི་ཇའི་རིག་གནས་དར་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། གཟུགས་མེད་རིག་གནས་ཤུལ་བཞག་རྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་བསྐངས་ཏེ་རིག་གནས་རང་རྟོན་རང་བརྩོན་ཡོང་བར་བསྐུལ་དགོས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གསར་སྐྲུན་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་བ་དང་། ཀྲུང་ཧྭ་མི་རིགས་གོང་བུ་འགྲིལ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཞིང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཚད་ཇེ་ཆེར་གཏོང་བ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གི་གཏམ་རྒྱུད་ཡག་པོ་བཤད་ཅིང་། ཀྲུང་ཧྭའི་རིག་གནས་དེ་བས་ལེགས་པའི་ངང་འཛམ་གླིང་དུ་བསྐྱོད་ཐུབ་པར་སྐུལ་འདེད་གཏང་དགོས།།


 ཞི་ཅིན་ཕིང་གིས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན། ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས2022ལོའི་ཟླ་བ12ཚེས12ཉིན་གློག་འཕྲིན་འབྱོར་གསལ།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།