མཚོ་བྱང་དུ་བསྐྱོད་པ།

        2023-08-23

ཚོན་གྱིས་བྲིས་ཏེ་མཛུབ་དཀྲིས་བཏགས་པའི་ལྭ་ནག་ཅན།

ཆ་མེད་ཀྱི་རྒན་པོ་དེ།

བོད་ཡིན་ལ་རྒྱ་མིན་ཟེར་བཞིན།

སྐད་ཆ་རབ་རོབ་ཀྱི་ཀློང་ནས་ང་དང་རིང་དུ་གྱེས།

ས་ཚུགས་ཤིག་བརྒལ་རྗེས།

ཁ་ཡོལ་དང་ཚར་ལྭ་གྱོན་ཞིང།

ལམ་འཕྲང་རྗེས་མ་ནས་འཕྲད་ཡོང་ཟེར་བཞིན།

ག་ཤེད་དུ་བུད་སོང་མ་ཤེས་པའི་ལུག་ཁྱུའི་རྫི་བོ་དེ་དྲན་བྱུང།

ལམ་ཕྲེང་དེ་ལས་བརྒལ་རྗེས།

ང་རང་ཤི་སོང་བ་མིན་པས།

སླར་ཡང་འཕྲད་ཡོང་ཤོད་ཀྱིན།

ད་ལྟ་འཕྱོངས་རྒྱས་ཀྱི་ཕྱོགས་ན་ལུས་པའི་

མགོ་དཀྲིས་དམར་པོ་ཅན་དེ་དྲན་པར་འཁོར་ཡོང།

༼ ཤ་འོད། ༽


  • ལེ་ཚན་སྔོན་མ།:རང་ཅག་གི་ཐུབ་མཆོག་ལ་བསྟོད་པ་ཟག་མེད་རོལ་དབྱངས་སྙན་མོའི་འགྱུར་ཁུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།