དབྱངས་ཀྱི་འཇིག་རྟེན།

        2023-08-21

དབྱངས་ཀྱི་མགུལ་རྒྱན་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་ང་རོ་ཡིན།།

དབྱངས་ཀྱི་རོལ་མོ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་རུས་རྐང་ཡིན།།

དབྱངས་ཀྱི་མེ་ཏོག་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་མཛེས་མ་ཡིན།།

དབྱངས་ཀྱི་མགུར་མ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་གླིང་བུ་ཡིན།།

དབྱངས་ཀྱི་དགའ་མ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་བརྩེ་ཡ་ཡིན།།

དབྱངས་ཀྱི་མཛེས་དཔལ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་ཁ་ཆུ་ཡིན།།

དབྱངས་ཀྱི་སྒྲ་གདངས་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་འོད་པོ་ཡིན།།

དབྱངས་ཀྱི་གཟུགས་རིས་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་ཡི་གེ་ཡིན།།

དབྱངས་ཀྱི་སྤྲོས་པ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་འཚོ་བཅུད་ཡིན།།

དབྱངས་ཀྱི་དབྱངས་ཅན་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་ལྷ་མོ་ཡིན།།

དབྱངས་ཀྱི་དབྱངས་རྟ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་རླུང་རྟ་ཡིན།།

དབྱངས་ཀྱི་ཞལ་ཁྱིམ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་གུར་ཁྱིམ་ཡིན།།

དབྱངས་ཀྱི་སེམས་པ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་ཚོར་འདུ་ཡིན།།

དབྱངས་ཀྱི་ཆང་ཁང་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་དགའ་མ་ཡིན།།

དབྱངས་ཀྱི་སྙན་ཆ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་འཇིག་རྟེན་ཡིན།།

དབྱངས་ཀྱི་འཇམ་དཔལ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་ཐ་སྙད་ཡིན།།

དབྱངས་ཀྱི་འགྲོས་སྟངས་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་སྦྱོར་བ་ཡིན།།

དབྱངས་ཀྱི་དབང་ཕྱུག་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་སྙན་ཚིག་ཡིན།།

དབྱངས་ཀྱི་ཆོ་འཕྲུལ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་ཚོན་མདོག་ཡིན།།

དབྱངས་ཀྱི་འཁོར་བ་སྙན་ངག་སྟེ་སྙན་ངག་དབྱངས་ཀྱི་འཇིག་རྟེན་ཡིན།།

བཞག་ཚ།

  • ལེ་ཚན་སྔོན་མ།:དྲན་སྣང་གི་སྟོན་མཇུག།
  • ལེ་ཚན་རྗེས་མ།:རང་ཅག་གི་ཐུབ་མཆོག་ལ་བསྟོད་པ་ཟག་མེད་རོལ་དབྱངས་སྙན་མོའི་འགྱུར་ཁུག།