སེར་ཤུལ་རྫོང་གིས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ།

        2023-08-21

ཉེ་ཆར། སེར་ཤུལ་རྫོང་མི་དམངས་སྨན་ཁང་དུ་དམིགས་བསལ་གྱི་བྱེད་སྒོ་ཞིག་སྤེལ་ཞིང་མིག་ནད་ཕོག་པའི་རྒན་རྒོན་ནད་པ་ཚོ་ལ་སླར་ཡང་འོད་ཟེར་མཐོང་བའི་གོ་སྐབས་ཤིག་སྤྲད་པ་རེད། དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་པེ་ཅིང་དུ་བཅའ་སྡོད་འབྲེལ་གཏུག་ཁྲུའུ། སེར་ཤུལ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས། ཧྲེན་ཀྲེན་སེང་གེ་ཚོགས་པ། ཀྲུང་ཧྲན་སློབ་ཆེན་ཞོར་གཏོགས་སྨན་ཁང་གསུམ་པ། སེར་ཤུལ་རྫོང་མི་དམངས་སྨན་ཁང་། ཁྲེང་ཏུའུ་ཡེ་པང་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་། སི་ཁྲོན་བསོད་ནམས་དགེ་སྒྲུབ་བོད་ལུགས་གསོ་རིག་བོད་སྨན་ཚད་ཡོད་སྤྱི་གཉེར་ཁང་སོགས་དགེ་སྒྲུབ་རྩ་འཛུགས་དང་། ལས་ཁུངས་དང་མི་སྒེར་བཅས་མཉམ་འབྲེལ་གྱི་སྒོ་ནས་སེར་ཤུལ་རྫོང་མི་དམངས་སྨན་ཁང་དུ་གྲིབ་ནད་དང་མིག་ནད་གཤགས་བཅོས་ཀྱི་བྱེད་སྒོ་སྤེལ།

དཀར་མཛེས་ཁུལ་ནི་མཐོ་སྒང་ཡིན་པས། སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ་དང་སྐྱ་གྲིབ་ཕོག་མཁན་མང་བའི་ས་ཁུལ་ཞིག་རེད། སྐྱ་གྲིབ་ནད་ཕོག་མཁན་མང་པོས་སླར་ཡང་འོད་སྣང་མཐོང་ཐུབ་པར་བྱ་ཆེད། ནད་པ220ལ་བརྟག་དཔྱད་བྱས་པ་དང་། ནད་པ40ལ་སྐྱ་གྲིབ་གཤགས་བཅོས་བྱས་པར་མ་ཟད། ནད་པ་གཞན་དག་ལའང་འབྲེལ་ཡོད་ཀྱི་མིག་ནད་སྨན་བཅོས་བྱས་ཡོད་པ་རེད།།

ལས་ཞོར་གསར་འགོད་པ་མེ་ཏོག་གིས་བྲིས།


  • ལེ་ཚན་སྔོན་མ།:《གངས་དཀར་རི་བོ》དུས་དེབ་ཁང་གིས་གསོ་སྦྱོང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཐ་མག་དང་ཁེར་རྐྱང་། ད་དུང་ཁྱེད།
  • དོ་སྣང་ཆེ་བའི་རྩོམ།