གསེར་རྟ་རྫོང་དུ་བདེ་སྐྱིད་ཀྱི་རེ་བས་ཕྱུག་པའི་སྙི་བའི་མེ་ཏོག་བཞད།

        2023-08-21

ཉེ་ཆར།གསར་འགོད་པ་གསེར་རྟ་རྫོང་གཉན་ལུང་ཡུལ་ཤོག་གི་སྙི་བའི་འདེབས་འཛུགས་རྟེན་གཞིར་འགྲོ་དུས། མིག་ལམ་དུ་མཐོང་བ་ནི་སྙི་བའི་དྲོད་ཁང་ནང་གི་སྟར་རེ་རེ་བཞིན་རྨོད་པའི་སྙི་བའི་སྐྱེ་ཚུལ་ཡག་པོ་དེ་དང་། རྟེན་གཞིར་ལས་ཀ་བྱེད་བཞིན་པའི་ཡུལ་མི་ཚོས་ཡུར་མ་ཡུར་བ་དང་ཆུ་གཏོར་བཞིན་པའི་བྲེལ་འཚུབ་ཀྱི་རྣམ་པ་རེད།

རྟེན་གཞིའི་ལག་རྩལ་པས་གསར་འགོད་པར་སི་ཁྲོན་སྙི་བར་སྤྱིར་བཏང་ལོ4ཡན་ལ་དཀའ་ལས་བརྒྱབ་མཐར་གཞི་ནས་འབྲས་བུ་ཐོབ་ཐུབ། ཡིན་ཡང་འབྲས་བུ་བསྡུ་བའི་དུས་ཚིགས་སུ་སླེབས་པ་ན་མུའུ་རེར་ཡོང་འབབ་སྒོར་ཁྲི70ལྷག་ལ་ཟིན་གྱིན་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།རྟེན་གཞི་དེས་གཉན་ལུང་ཡུལ་ཤོག་སྔོ་རིལ་གྲོང་སྡེའི་ས་ཞིང་མུའུ182འཁོར་རྒྱུག་བྱས་པ་དང་།འདི་ལོ་ནི་སི་ཁྲོན་སྙི་བ་ཚོད་འདེབས་བྱེད་པའི་ལོ་དང་པོ་དེ་ཡིན་ཞིང་། རྟེན་གཞི་འཛུགས་སྐྲུན་ནང་དུ་ཚན་རིག་ཞིབ་འཇུག་ཚོད་ལྟ་ཁུལ་དང་སི་ཁྲོན་སྙི་བ་འདེབས་འཛུགས་ཐོན་ཁུངས་ལྡུམ་ར།རི་སྐྱེས་མྱུག་གསོ་ཁུལ།དྲོད་ཁང་ཆེ་མོའི་ལྗང་གསོ་ཁུལ།ཞིང་ཁའི་ཚད་གཞི་ཅན་གྱི་འདེབས་འཛུགས་ཁུལ་བཅས་ཡོད་པ་དང་།དྲོད་ཁང་ནང་ཆུ་གཏོར་བ་དང་།ཉི་འོད་སྒྲིབ་པ།དྲོད་ཚད་གཅོག་པ་སོགས་ཀྱི་མ་ལག་སྒྲིག་སྦྱོར་བྱས་ཡོད་པར་མ་ཟད།ད་དུང་སི་ཁྲོན་སྙི་བའི་སྐྱེ་ཚུལ་ལ་དམིགས་ནས་མ་ལག་ལེགས་སུ་བཏང་བ་དང་།སི་ཁྲོན་སྙི་བའི་མྱུ་གུ་རྒྱས་ཚད་དང་ལྗང་བུ་སྲུང་སྐྱོང་བྱ་ཚད་མཐོ་རུ་ཕྱིན་ཡོད།

ཡུལ་མི་གཡང་སྐྱིད་ཀྱིས་ས་གནས་དེ་གའི་ཡུལ་མིར་ས་ཞིང་ནང་བཤུག་བྱེད་པའི་བོགས་དངུལ་ཡོད་པར་མ་ཟད།རྟེན་གཞིར་ལས་ཀ་བྱས་ནས་གླ་ཕོགས་ཀྱང་རག་གིན་ཡོད།སྙི་བ་འདེབས་འཛུགས་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་མི་ཐབས་ལ་བརྟེན་ནས་ལས་དགོས་པས་ཡུལ་མི་མི་ཉུང་བ་ཞིག་ཉིན་ལྟར་རྟེན་གཞིར་ལས་ཀ་བྱེད་བཞིན་ཡོད། ངས་རྒྱུན་དུ་ཁྱིམ་ནང་བསྡད་དེ་བུ་ཕྲུག་ཚོར་ལྟ་སྐྱོང་བྱས་ཞོར་ཁྱིམ་ལས་བྱེད་ཀྱི་ཡོད་ཀྱང་།ཁོམ་པ་ཡོད་ཚེ་རྟེན་གཞིར་ལས་ཀ་བྱེད་པར་སོང་ནས་ཡོང་འབབ་མི་ཉུང་བ་རག་བྱུང་ཞེས་བཤད།

རྟེན་གཞིའི་འགན་འཁུར་བ་ཁྲེན་ཏུང་གིས་སྲོལ་རྒྱུན་གྱི་རྒྱ་ལུགས་སྨན་རྒྱུའི་སི་ཁྲོན་སྙི་བར་ཚ་སེལ་གློ་གསོ་དང་། ཁ་ལུད་སེལ་བའི་ཕན་ནུས་ལྡན་པར་མ་ཟད།མེ་ཏོག་བཞད་པའི་དུས་ཚིགས་ལའང་ལྟད་མོ་ལྟ་བའི་རིན་ཐང་ངེས་ཅན་ཡོད། ད་སྔར་ང་ཚོས་རྟེན་གཞིར་འདེབས་འཛུགས་བྱས་པའི་སྙི་བ་ནི་སི་ཁྲོན་སྙི་བ་ནང་གི་ལོ་མ་སྒྲིལ་མའི་རིགས་ཤིག་ཡིན་ཞིང་། སྨན་གྱི་རིན་ཐང་དེ་སྙི་བ་གཞན་དག་ལས་མཐོ་བ་ཡོད། ད་སྔར་མུའུ་རེའི་ཐོན་འབབ་རྒྱ་མ600ལྷག་ལ་ཟིན་ནས་འདེབས་འཛུགས་ཀྱི་ཐོན་འབབ་བརྟན་པོ་ཡིན་པ་དང་དཔལ་འབྱོར་ཡོང་འབབ་ལེགས་སུ་ཕྱིན་ནས་ས་གནས་དེ་གའི་ཕྱུག་འགྱུར་གྱི་ཐབས་ལམ་བཟང་པོ་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་བཤད།

ཕྱིན་ཆད་གསེར་རྟ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ད་དུང་ལྕུམ་རྩྭ་དང་།སྙི་བ།ཐང་ཕྲོམ་ནག་པོ་སོགས་རྒྱ་བོད་ལུགས་སྨན་རྒྱུ་འདེབས་འཛུགས་ཐད་ཤུགས་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་མུ་མཐུད་དུ་བསྐུལ་བ་དང་འབབ་འཕར་གྱི་ཐབས་ལམ་བཏོད་དེ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏང་རྒྱུ་ཡིན་པ་རེད།།(ཀུན་དགས་བསྒྱུར།)


  • ལེ་ཚན་སྔོན་མ།:གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་དེས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་བསྐུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།