དཀར་མཛེས་ཁུལ་བརྒྱད་ཟིལ་རུ་ཆེན་ལ་ཚོགས་པའི་བྱ་དགའ་ཨང་གཉིས་པ་ཐོབ།

        2023-08-23

2023ལོའི་རྒྱལ་ཡོངས་ནགས་ཚལ་དང་རྩྭ་ཐང་ལས་རིགས་ཀྱི་ནགས་ཚལ་མེ་གསོད་རུ་མིའི་ལས་རིགས་རྩལ་ནུས་འགྲན་སྡུར་དེ་ཧེ་ལུང་ཅང་ཏ་ཞིན་ཨན་ལིང་གི་ཅ་ཀེ་ཏ་ཆི་རུ་སྤེལ།

དཀར་མཛེས་ཁུལ་བརྒྱད་ཟིལ་རུ་ཆེན་ལ་ཚོགས་པའི་བྱ་དགའ་ཨང་གཉིས་པ་ཐོབ།

དཀར་མཛེས་ཁུལ་བརྒྱད་ཟིལ་རུ་ཆེན་ལ་ཚོགས་པའི་བྱ་དགའ་ཨང་གཉིས་པ་ཐོབ།

རྩལ་ནུས་འགྲན་སྡུར་གྱི་ཡུལ་དངོས།


སྤྱི་ཟླ8པའི་ཚེས13ནས16ཉིན་བར། རྒྱལ་ཡོངས་ནགས་ཚལ་དང་རྩྭ་ཐང་ལས་རིགས་ཀྱི་ནགས་ཚལ་མེ་གསོད་རུ་མིའི་ལས་རིགས་རྩལ་ནུས་འགྲན་སྡུར་དེ་ཧེ་ལུང་ཅང་ཏ་ཞིན་ཨན་ལིང་གི་ཅ་ཀེ་ཏ་ཆི་རུ་སྤེལ་བ་རེད། སི་ཁྲོན་འཐུས་མི་རུ་ཁག་དཀར་མཛེས་ཁུལ་ནགས་ཚལ་རྩྭ་ཐང་ཆེད་ལས་མེ་གསོད་རུ་ཆེན་དང་པོར(བརྒྱད་ཟིལ་རུ་ཆེན)ཚོགས་པའི་བྱ་དགའ་ཨང་གཉིས་པ་ཐོབ། དེ་དང་ཆབས་ཅིག་དཀར་མཛེས་ཁུལ་བརྒྱད་ཟིལ་རུ་ཁག་གིས་ད་དུང་ལྗིད་ཁུར་ལྗོངས་བགྲོད་ཚན་པ་ལས་ཨང་དང་པོ་དང་། ཆུ་འཐེན་འཕྲུལ་འཁོར་མཐུད་ཤུགས་མཉམ་འདོན་འཐབ་རྩལ་ཚན་པ་ལས་ཨང་གཉིས་པ་སོགས་ཀྱི་བྱ་དགའ་ཐོབ་པ་རེད།

ཐེངས་འདིའི་རྩལ་ནུས་འགྲན་སྡུར་ནི་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་།ཀྲུང་གོ་ཞིང་ནགས་ཆུ་བེད་གནམ་གཤིས་བཟོ་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་ཤིང་། དེ་ནི་ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་ཀྱི་ནགས་རྩྭའི་ལས་རིགས་ཀྱི་ཚད་གཞི་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། མི་གྲངས་མང་ཤོས། སློབ་ཚན་ཆ་ཚང་ཤོས། རྩལ་ནུས་ཆེས་སྔོན་ཐོན། ཤུགས་རྐྱེན་དང་སྐུལ་ཁྲིད་བྱེད་རྒྱ་ཆེ་ཤོས་བཅས་ཀྱི་ནགས་ཚལ་མེ་གསོད་རུ་མིའི་ལས་རིགས་རྩལ་ནུས་འགྲན་སྡུར་ཞིག་རེད། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་དང་།ནགས་བཟོ་ཚོགས་ཆེན་དྲུག།ཀྲུང་གོ་ནགས་ལས་ཚན་རིག་ཁང་བཅས་ནས་ཡོང་བའི་འཐུས་མི་ཚོགས་པ35ཞུགས་ཡོད་པ་རེད། འགྲན་སྡུར་ལས་ཚོགས་པའི་ཚན་པ་དང་མི་སྒེར་ཚན་པ་གཉིས་སུ་དབྱེ་ཞིང་།ཚོགས་པ་སྒྲིག་འཛུགས་དང་བཀོད་འདོམས། སྟོབས་ཤུགས་མཉམ་སྒྲུབ། ཚན་རྩལ་བཀོལ་སྤྱོད། མི་སྒེར་གྱི་ཆེད་ལས་རྩལ་ནུས། ལུས་ནུས། རིག་ནུས་བཅས་གཞི་གཅིག་ཅན་དང་།མི་མེད་གནམ་གྲུའི་མཁའ་སྐྱོད་སྐོར་སྲུང་། ལྗིད་ཁུར་ལྗོངས་བགྲོད། ཆུ་འཐེན་འཕྲུལ་འཁོར་མཐུད་ཤུགས་མཉམ་འདོན་འཐབ་རྩལ།རླུང་ཤུགས་མེ་གསོད་འཐབ་རྩལ། རིགས་གཞུང་ཤེས་བྱའི་རྒྱུགས་ལེན། སྣུམ་སྒུལ་སོག་ལེའི་གཅོད་འབྲེག་ལག་རྩལ། འཁོར་སྐར་ཕྱོགས་སྟོན་སྒྲིག་ཆས་བཀོལ་སྤྱོད་བཅས་འགྲན་སྡུར་ཚན་པ 7 ཡོད་པ་རེད།། 

བདེ་སྐྱིད་ཀྱིས་བསྒྱུར།


  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་རྟའུ་དང་བྲག་མགོ། དཀར་མཛེས། སྡེ་དགེ་རྫོང་བཅས་སུ་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:ལས་ཞུགས་ལམ་བུ་ཡག་པོ་བཏོད་ནས་ལས་ལ་བརྩོན་པའི་གླུ་དབྱངས་ལེན།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10