ཡུས་ཧྲུའུ་ཁུལ་གྱི་ཐང་བོད་གནའ་ལམ་གྱི་སྙན་ངག་དུས་ཚིགས་སྐབས་བདུན་པ་མགོ་བརྩམས།

    ཀྲུང་གོ་བོད་ཀྱི་དྲ་བ།    2023-08-22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་གནང་བའི་ཡུས་ཧྲུའུ་ཐང་བོད་གནའ་ལམ་གྱི་སྙན་ངག་དུས་ཚིགས་ཀྱི་མགོ་རྩོམ་མཛད་སྒོ་ཡུས་ཧྲུའུ་གྲོང་ཁྱེར་གེ་སར་ཐང་ཆེན་དུ་སྤེལ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་སྙན་ངག་པ་གྲགས་ཅན་དང་རྩོམ་པ་པོ་གྲགས་ཅན26ཐེངས་འདིའི་བྱེད་སྒོར་ཞུགས།

མགོ་རྩོམ་མཛད་སྒོའི་སྟེང་། སྙན་ངག་པ་དང་རྩོམ་པ་པོ་མང་པོ་ཞིག་གིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་གཙང་གསུམ་འབྱུང་ཡུལ་དང་། ཐང་བོད་ཀྱི་ལོ་རྒྱུས་རིག་གནས་སྐོར་གྱི་སྙན་ཞིང་འཇེབས་པའི་སྙན་ཚིག་མང་པོ་བཀླགས་པས། ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ། དེ་དང་ཆབས་ཅིག སྐབས་བདུན་པའི་སྙན་ངག་དུས་ཚིགས་ཀྱི“ཐང་བོད་གནའ་ལམ་གྱི་རྩོམ་རིག་བྱ་དགའ”དང་། ས་གནས་རྩོམ་རིག་གསར་རྩོམ་གྱི་ཕུལ་བྱུང་བྱ་དགའ། གཙང་གསུམ་འབྱུང་ཡུལ་དང་བླངས་ཞབས་ཞུ་ཚོགས་པ་སོགས་ཀྱི་བྱ་དགའ་ཐོབ་མཁན་ལ་གཟེངས་རྟགས་གནང་བ་རེད། ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།


  • ལེ་ཚན་སྔོན་མ།:བརྡ་ཆད་གཅིག་གྱུར་ལས་དོན་གྲོས་ཚོགས་ཡུས་ཧྲུའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།