ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གི་མངའ་ཁོངས་སུ་དུས་རབས་བཅུ་གསུམ་པའི་སྔོན་རྗེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ཚན་པ་གཅིག་རྙེད།

        2020-01-03

    ཉེ་ཆར། པེ་ཅིན་གནའ་བོ་ཕོ་བྲང་གི་བོད་བརྒྱུད་ནང་བསྟན་རིག་གནས་དངོས་རྫས་ཞིབ་འཇུག་ཁང་གི་ཆེད་མཁས་ཀྱིས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གི་མངའ་ཁོངས་སུ་དུས་རབས་བཅུ་གསུམ་པ་ཡས་མས་ཀྱི་བསྟན་པ་ཕྱི་དར་གྱི་ལྡེབས་རིས་ཚན་པ་གཅིག་རྙེད་པ་རེད།

བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ནི་འབྲི་ཆུའི་ཤར་ངོགས་སུ་རྙེད་ཅིང་།  ཁྲི་འདུ་རྫོང་གི་གྲོང་ཁུལ་དང་སྤྱི་ལེ150ཡས་མས་རྒྱང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན།  བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་ནང་ལྡེབས་རིས་གསུམ་ས་ངོས་སུ་བུད་ཡོད་པའི་ནང་ནས་ལྡེབས་རིས་ཆེས་ཆེ་ཤོས་ནི་རྒྱལ་བ་རིགས་ལྔའི་ཡ་གྱལ་ཞིག་ཡིན་པ་དང་ཆབས་ཅིག    དེ་མིན་གྱི་ལྷ་སྐུ་དང་མི་སྐྱ་ཕོ་མོའི་འཚོ་བ་གོམས་གཤིས་མཚོན་པའི་ལྡེབས་རིས་ཀྱང་ཡོད་པ་རེད།

    ལྡེབས་རིས་འདི་དག་ནི་རྒྱ་གར་གྱི་གནའ་བོའི་བྲམ་ཟེའི་སྒྱུ་རྩལ་སྲོལ་རྒྱུན་སོར་ཉར་བྱས་པ་རེད་ཅེས་པེ་ཅིན་གནའ་བོ་ཕོ་བྲང་དངོས་མང་བཤམས་སྟོན་ཁང་གི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་དངོས་རྫས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་སུའུ་པའེ་ཡིས་དེ་ལྟར་ངོ་སྤྲོད་བྱས་པ་དང་ཆབས་ཅིག    ཐེངས་འདིར་རྟོག་ཞིབ་བྱས་པ་ནི་ཁྲི་འདུ་རྫོང་དང་ཡུལ་ཤུལ་ས་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་དང་སྒྱུ་རྩལ་གྱི་ལོ་རྒྱུས་ལ་དཔྱད་ཞིབ་བྱེད་ཡས་དོན་སྙིང་གལ་ཆེན་ལྡན་པ་རེད་ཅེས་གསུངས་པ་རེད།

   སུའུ་པའེ་ཡིས་ད་ལྟའི་བར་དུ་ཆུ་དམར་ལེབ་དང་ཁྲི་འདུའི་ས་ཁུལ་དུ་རྙེད་པའི་ལྡེབས་རིས་འདི་དག་ནི་འབྲི་ཆུ་ནུབ་རྒྱུད་ས་ཁུལ་གྱི་སྒྱུ་རྩལ་ལོ་རྒྱུས་ཀྱི་སྟོང་ཆ་སྐོང་ཡོད་ཕྱིར། ཕྱིན་ཆད་ཀྱི་གཙོ་གནད་ལས་དོན་ནི་དངོས་གནས་ཀྱི་བྱེད་ཐབས་བླངས་ནས་མགྱོགས་མྱུར་དུ་ལྡེབས་རིས་འདི་དག་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད། ། 


  • ལེ་ཚན་སྔོན་མ།:གེ་སར་ཆེད་མཁས་པ་ཚོས་ཡུལ་ཤུལ་ཁུལ་དུ་བཞུགས་མོལ་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།