མཚོ་ལྷོ་ཁུལ་གྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཁམས་བདེ་རྟགས་མའི་བདེ་འཇགས་ཐོན་སྐྱེད་འགྲན་སྡུར་སྤེལ།

        2015-10-12

 ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱིའི་བཟོ་ཚོགས་ཀྱིས་བདེ་འཇགས་ཨང་དང་པོར་བརྩི་བ་དང་། སྔོན་འགོག་གཙོར་འཛིན་པ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་རིག་གནས་བརྒྱུད་སྒྲོག་བྱེད་པ། ཚན་ཆུང་གི་བདེ་འཇགས་འཛུགས་སྐྲུན་ཐད་ཤུགས་སྣོན་པ། ལས་བཟོ་བའི་ལུས་སེམས་བདེ་ཐང་ལ་ཁག་ཐེག་བྱེད་རྒྱུ་བཅས་དམིགས་འབེན་དུ་བྱས་ཏེ། ཁམས་བདེ་རྟགས་མའི་འགྲན་སྡུར་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ཁེ་ལས་ཀྱི་ངལ་རྩོལ་སྲུང་སྐྱོབ་དང་བདེ་འཇགས་ཐོན་སྐྱེད་དོ་དམ་ལ་སྔར་ལས་ཤུགས་བསྣན་པ་དང་། ལས་བཟོ་བའི་བདེ་འཇགས་ཐོན་སྐྱེད་དང་འགན་འཁྲི་འདུ་ཤེས་ཇེ་མཐོར་བཏང་ལ། ཁེ་ལས་ཐོན་སྐྱེད་ཚོང་གཉེར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་ཁྲོད་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག
     མཚོ་ལྷོ་ཁུལ་ཡོངས་ཀྱི་སྤྱིའི་བཟོ་ཚོགས་ཀྱིས་ཁུལ་བདེ་འཇགས་ལྟ་སྐུལ་དོ་དམ་ཅུའུ་དང་མཉམ་འབྲེལ་བྱས་ནས2015ལོར་ཁམས་བདེ་རྟགས་མའི་འགྲན་སྡུར་སྤེལ་བའི་བརྡ་སྦྱོར་བཏང་སྟེ། རིགས་སོ་སོའི་བཟོ་ཚོགས་ཀྱི་རྩ་འཛུགས་དང་ལག་བསྟར་ནན་མོ་བྱས་ནས་མུ་མཐུད་དུ་བྱ་འགུལ་རྒྱ་ཆེར་སྤེལ་བའི་རེ་བ་བཏོན་པ་དང་། ཁུལ་ཡོངས་ཀྱི་ཁེ་ལས355དང་ལས་བཟོ་བ9620ཁམས་བདེ་རྟགས་མའི་བྱ་འགུལ་ཁྲོད་ཞུགས།
     རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་བདེ་འཇགས་ཤེས་བྱ་འགྲན་སྡུར་སྤེལ་བ་དང་། བདེ་འཇགས་གསོ་སྦྱོང་གྲོས་ཚོགས་བསྡུ་བ། དྲིལ་སྒྲོག་ཡིག་ཆ་འགྲེམ་པ་སོགས་ཀྱི་རྣམ་པ་སྤྱད་དེ། ལས་བཟོ་བར་འགྲན་སྡུར་བྱ་འགུལ་སྤེལ་བའི་དམིགས་ཡུལ་དང་དོན་སྙིང་། བརྗོད་དོན། དམིགས་འབེན་དང་མཇུག་འབྲས་བཅས་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དང་། ལས་བཟོ་བའི་བདེ་འཇགས་འདུ་ཤེས་ཇེ་མཐོར་བཏང་སྟེ། མཚོ་ལྷོའི་འཆམ་མཐུན་ངལ་རྩོལ་འབྲེལ་བའི་ཐད་གཏན་འཇགས་ཀྱི་བདེ་འཇགས་ཐོན་སྐྱེད་ཁོར་ཡུག་གསར་སྐྲུན་བྱེད་པར་སྐུལ་འདེད་བྱས།
     བྱ་འགུལ་སྤེལ་བའི་ཚུན་ལ། མཚོ་སྔོན་པོ་སྨན་ལས་ཚད་ཡོད་འགན་ལེན་ཀུང་ཟི་དང་མཚོ་ལྷོ་ཁུལ་ཀྲིན་ཡོན་ཆུ་འདོན་ཚད་ཡོད་འགན་འཁྲི་ཀུང་ཟིའི་ཐོན་སྐྱེད་ཚོང་གཉེར་པུའུ། མཚོ་ལྷོ་ཁུལ་རླངས་འཁོར་སྐྱེལ་འདྲེན་སྡེ་ཚོགས་ཚད་ཡོད་ཀུང་ཟི་འགྲུལ་སྐྱེལ་རུ་ཁག་བཅས་སོ་སོ་རྒྱལ་ཡོངས་ཁམས་བདེ་རྟགས་མའི་ཕུལ་བྱུང་ལས་ཁུངས་དང་ཕུལ་བྱུང་ཚན་ཆུང་དུ་བདམས་པ་དང་། མཚོ་ལྷོ་ཁུལ་ཐེན་ཧི་ལམ་ཟམ་བཟོ་སྐྲུན་ཚད་ཡོད་ཀུང་ཟི་དང་ཁྲི་ཀ་རྫོང་རང་འབབ་ཆུའི་ཀུང་ཟི། ཐུན་ཏེ་རྫོང་མི་དམངས་སྨན་ཁང་མོ་ནད་ཕྱི་ནད་ཚན་ཁག་བཅས་ལ་སོ་སོར་མཚོ་སྔོན་ཞིང་ཆེན་ཁམས་བདེ་རྟགས་མའི་ཕུལ་བྱུང་སྡེ་ཁག་དང་ཕུལ་བྱུང་ཚན་ཆུང་གི་མཚན་སྙན་ཐོབ།
  • ལེ་ཚན་སྔོན་མ།:ཡུལ་ཤུལ་ནས་ཐད་ཀར་ལྷ་སར་འཕུར་ཆོག་པའི་མཁའ་ལམ་ཐོག་མ་ཡོངས་འགྲུབ་བྱས།
  • ལེ་ཚན་རྗེས་མ།:ཡུལ་ཤུལ་རིག་གནས་དང་ཡུལ་སྐོར་དྲིལ་སྒྲོག་གཟའ་འཁོར་ལྷ་སར་ཚོགས།
  • དོ་སྣང་ཆེ་བའི་རྩོམ།