ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག།

        2023-08-23

རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འོད་སྟོང་གསར་པ་འཕྲོ་བར་བརྩོན་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་མངོན་གསལ་དོད་པོའི་གནས་བབ་ཏུ་བཞག་ནས། རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་བ་དང་། རིག་གནས་བརྒྱུད་འཛིན་དང་འཕེལ་རྒྱས་ཀྱི་སྐུལ་ཤུགས་ཆེ་རུ་བཏང་བར་བརྟེན། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་གོམ་སྟབས་བརྟན་པོ་སྤོས་ཡོད།

ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་རིག་གནས་ཀྱི་འགན་འཁྲི་གསར་པ་དེ་བས་ཡག་པོ་འཁུར་བ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་ཞིང་། སྒོ་འབྱེད་ཁོང་ཡངས་བྱ་རྒྱུ་སྲུང་འཛིན་དང་། གཞུང་བསྲངས་གསར་གཏོད་རྒྱུན་འཁྱོངས། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་བསླང་ཞིང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རིག་གནས་དར་རྒྱས་ཡོང་བ་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བཅས་ལ་མུ་མཐུད་བསྐུལ་ནས་འགྲོ་བ་མིའི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་རྒྱུན་ཆད་མེད་པར་སྐུལ་ཅིང་སྤེལ་ཏེ། རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་མི་རིགས་བསྐྱར་དར་ཡོང་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་བསྣན་དགོས།

ཞི་ཅིན་ཕིང་གིས2023ལོའི་ཟླ་བ6ཚེས7ཉིན་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་གྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོ་ལ་སྤྲིངས་པའི་རྟེན་འབྲེལ་ཞུ་ཡིག་ལས།།

(ཐུབ་བསྟན་གྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་དབྱི་སི་རལ་གྱི་མི་གཉིས་རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།