ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་དབྱི་སི་རལ་གྱི་མི་གཉིས་རྐྱེན་ལམ་དུ་ཤོར།

    ཀྲུང་གོ་བོད་ཀྱི་དྲ་བ།    2023-08-22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གྱི་མཱ་ཨན་གསར་འགྱུར་ཁང་གིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་ཉིན་དེར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། དབྱི་སི་རལ་གྱི་མི་གཉིས་རྐྱེན་ལམ་དུ་ཤོར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ན་པུའུ་ལུའུ་སིའི་ལྷོ་ཕྱོགས་ཀྱི་ཧུའུ་ཝ་ལཱ་གྲོང་རྡལ་ནས་མེ་མདས་བརྒྱབ་སྟེ་དབྱི་སི་རལ་གྱི་མི་གཉིས་རྨས་པ་དང་། མྱུར་སྐྱོབ་མི་སྣས་འཇབ་རྒོལ་བྱེད་ཡུལ་ནས་མི་དེ་གཉིས་མྱུར་སྐྱོབ་བྱས་ན་ཡང་། མི་དེ་གཉིས་ལ་རྨས་ཕོག་པ་ཧ་ཅང་ལྗིད་པས་རྐྱེན་ལམ་དུ་ཤོར་བ་དང་། འཇབ་རྒོལ་བྱེད་མཁན་ས་གཞན་ལ་བྲོས་སོང་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་མི་གཉིས་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་གཏན་ཁེལ་བྱས་པར་མ་ཟད། མིག་སྔར་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་བཞིན་ཡོད་ཅེས་བཤད།

ད་ལོར། ཕ་ལེ་སི་ཐན་དང་དབྱི་སི་རལ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཚབས་ཇེ་ཆེར་སོང་ཡོད། དབྱི་སི་རལ་གྱི་དམག་མི་དང་ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ། ཡེ་ལུའུ་ས་ལུན་སོགས་ས་ཁུལ་མང་བོའི་ཕ་ལེ་སི་ཐན་པའི་བར་དུ་འཁྲུག་རྩོད་བྱུང་བར་མ་ཟད་མི་མང་བོ་ཤི་རྨས་བཟོས་ཡོད།  །

རྩོམ་སྒྲིག་པ།


  • ལེ་ཚན་སྔོན་མ།:རྒྱལ་ཁབ་སྤྱི་གླིང་སྐོར་ཐོག་མའི་འཛུགས་སྐྲུན་ཚོགས་པ7དང་མི་སྒེར5ལ་གཟེངས་བསྟོད་ཐོབ་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག།
  • དོ་སྣང་ཆེ་བའི་རྩོམ།