ཕྱོགས་བསྡུས་གསར་འགྱུར།

        2023-08-23

རང་ཁུལ་གྱིས་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་དུས་ཆེན་ཐེངས་དྲུག་པའི་བྱེད་སྒོ་སྤེལ།

སྤྱི་ཟླ8པའི་ཚེས18ཉིན། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཁུལ་མི་དམངས་སྨན་ཁང་གིས་མཉམ་འབྲེལ་བྱས་ཐོག། 2023ལོའི་དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཀྲུང་གོའི་སྨན་པ་དཀའ་བཅུ་པའི་དུས་ཆེན་ཐེངས་དྲུག་པ་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། ཁུལ་རིམས་ནད་འགོག་ཟོན་ལྟེ་གནས་དང་ཁུལ་བུད་མེད་དང་བྱིས་པའི་ལས་དོན་ལྟེ་གནས། ཁུལ་ལྟེ་བའི་ཟུངས་ཁྲག་ས་ཚུགས། ཁུལ་མི་དམངས་སྨན་ཁང་སོགས་ནས་ཡོང་བའི་སྨན་དོན་མི་སྣ200ཙམ་ཐེངས་འདིའི་བྱེད་སྒོར་ཞུགས་པ་རེད།

སེར་ཤུལ་རྫོང་གི་སྐབས་དང་པོའི“སེར་ཤུལ་ལག་ཤེས་པའི་བུམ་པ”ཡི་རྩལ་ནུས་འགྲན་སྡུར་ཆེ་མོ་འགོ་ཚུགས།

ཉེ་ཆར། སེར་ཤུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་དང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་སེར་ཤུལ་རྫོང་གི་སྐབས་དང་པོའི་སེར་ཤུལ་ལག་ཤེས་པའི་བུམ་པའི་རྩལ་ནུས་འགྲན་སྡུར་ཆེ་མོ་དེ་སེར་ཤུལ་རྫོང་གི་ན་གཞོན་བྱེད་སྒོ་ལྟེ་གནས་སུ་འགོ་ཚུགས་པ་རེད།

རྩལ་ནུས་འགྲན་སྡུར་ཆེ་མོའི་ནང་སེར་ཤུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཐང་ག་འབྲི་བ་དང་། འཚེམ་བཟོ། མ་ཎི་རྡོ་བརྐོས། སྣེ་ཤན་པ། སྦག་སྦག་ཉམས་གསོ། ཟ་ཁང་གི་ཞབས་ཞུ་སོགས་འགྲན་སྡུར་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་པ་རེད། རྫོང་དེའི་ཡུལ་ཤོག་དང་གྲོང་རྡལ22ནས་ཡོང་བའི་བདམས་ཐོན་པ60འགྲན་སྡུར་ནང་ཞུགས་ནས་རྩལ་ནུས་མངོན་པ་རེད། “རྩལ་ནུས་གསར་པ་ཁོང་དུ་ཆུད་པ་དང་ཕྱུག་འགྱུར་གྱི་བསམ་ཕྱོགས་གསར་པ”ཞེས་པ་ནི་ཐེངས་འདིའི་འགྲན་བསྡུར་གྱི་གཙོ་དོན་ཡིན་པ་རེད། འགྲན་བསྡུར་དེའི་དམིགས་ཡུལ་ནི་ཕུལ་བྱུང་གི་རྩལ་ནུས་ཤེས་ལྡན་པ་འདེམས་སྒྲུག་དང་ཤེས་རྟོགས། ཤེས་ལྡན་པར་གཅེས་སྐྱོང་། ཤེས་ལྡན་པར་བརྩི་མཐོང་བྱེད་པའི་ཁོར་ཡུག་ལེགས་པོ་བཏོད་ནས་རྒྱ་ཆེ་བའི་རྩལ་ནུས་ཤེས་ལྡན་མི་སྣས་འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་།འགྲན་སྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ།འགྲན་སྡུར་ལ་བརྟེན་ནས་ཞིབ་འཇུག་ལ་སྐུལ་འདེད་དང་ཞིབ་འཇུག་བྱེད་པའི་ཁྲོད་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སེར་ཤུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་དེ་བས་ལེགས་པའི་ཞབས་འདེགས་ཞུ་རྒྱུར་སྐུལ་མ་གཏོང་རྒྱུ་དེ་རེད།

དཔལ་ཡུལ་རྫོང་གིས་འགོག་སྨན་རྒྱག་པའི་རྩལ་ནུས་འགྲན་བསྡུར་སྐབས་དང་པོ་སྤེལ།

འགོག་སྨན་རྒྱག་མཁན་གྱི་སློབ་སྦྱོང་གི་སྤྲོ་སེམས་སྔར་ལས་འཕེལ་བ་དང་ལས་སྒོའི་ནུས་པ་ཆེ་རུ་གཏོང་བ། དཔལ་ཡུལ་རྫོང་གི་འགོག་སྨན་རྒྱག་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཆེད། ཉེ་ཆར། དཔལ་ཡུལ་རྫོང་གིས་འགོག་སྨན་རྒྱག་པའི་རྩལ་ནུས་འགྲན་སྡུར་སྐབས་དང་པོ་སྤེལ་བ་རེད།

“འགྲན་སྡུར་ལ་བརྟེན་ནས་ཕན་འབྲས་ཆེ་རུ་གཏོང་བ་དང་སྡུར་སློབ་བསྙེགས་བརྒལ་གྱིས་འཕེལ་རྒྱས་གཏོང་བ”གཙོ་དོན་བྱས་ནས་རིགས་པའི་གཞུང་ལུགས་དང་རྩལ་ནུས་ཚོད་ལྟའི་དུས་མཚམས་གཉིས་སུ་དབྱེ་བ་དང་འབྲེལ། ཁ་གཏད་སྨན་བཅོས་རོགས་སྐྱོར་དང་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རོགས་སྐྱོར་རིགས་གཅིག་མཁས་ཅན་གདན་དྲངས་པ་དང་།རྫོང་རིམས་ནད་འགོག་ཟོན་ལྟེ་གནས་ཀྱི་རིམས་འགོག་འཆར་འགོད་ཁང་གི་ལས་དོན་མི་སྣ་བཅས་མཉམ་འབྲེལ་བྱས་ཐོག་འགྲན་སྡུར་དཔྱད་འདེམས་ཨུ་ལྷན་གྱི་འགན་འཁུར་བ་རེད། འགྲན་སྡུར་བྱས་མཐར་འགྲན་བསྡུར་ནང་ཞུགས་མཁན་རུ་ཁག19ཡི་རུ་མི37ཁྲོད་ནས་མི་སྒེར་གྱི་བྱ་དགའ་ཨང་དང་པོ1དང་། ཨང་གཉིས་པ2 ཨང་གསུམ་པ3བཅས་བདམས་པ་རེད།

དར་མདོ་གྲོང་ཨུ་རྩ་འཛུགས་པུས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔེ་བཟང་ལས་ཁུངས་གཏོད་རྒྱུ་རྒྱུད་མཐུད་ངང་གཏིང་ཟབ་ཏུ་བཏང་།

འདི་ལོ་ནས་བཟུང་དར་མདོ་གྲོང་ཨུ་རྩ་འཛུགས་པུས་རང་ངོས་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དུས་རབས་གསར་པའི་རྩ་འཛུགས་ལས་དོན་དཔུང་ཁག་འཛུགས་སྐྱོང་གི་ཁྱད་ཆོས་གསར་པར་གཞི་ཚུགས་ཏེ“སློབ་སྦྱོང་དང་། ལས་སྒོ། སྤྱོད་ཚུལ”བཅས་འཛུགས་སྐྱོང་ལ་དམིགས་ནས་ཤུགས་ཡོད་རྒུས“ཏང་གཤིས་སྔར་ལས་ལེགས་པ་དང་། ནུས་པ་སྔར་ལས་མཐོ་བ། གཟུགས་བརྙན་སྔར་ལས་ལེགས་པ”བཅས་ཀྱི་དཔེ་བཟང་ལས་ཁུངས་བཏོད་པ་རེད།

དར་མདོ་གྲོང་ཨུ་རྩ་འཛུགས་པུས“གྲོས་གཞི་ཨང་དང་པོ”ཡི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱ་རྒྱུ་དེ་པུའུ་ལས་དོན་ཨུ་ལྷན་གྱི་ནང་དོན་ལས་གྲོས་དོན་ཨང་དང་པོ་དང་པུའུ་ལས་དོན་ཨུ་ལྷན་ལམ་ལུགས་ཀྱི་སྒྲིག་ལམ་ཨང་དང་པོ།པུའུ་ལས་དོན་ཨུ་ལྷན་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་བརྩིས་ནས་དུས་ཐོག་ཏུ་སློབ་སྦྱོང་བྱས། གཅིག་སྡུད་ཞིབ་འཇུག་སློབ་སྦྱོང་དང་མི་སྒེར་གྱི་རང་སྦྱོང་།དྲ་ཐོག་སློབ་སྦྱོང་དང་དྲ་འོག་བགྲོ་གླེང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་རྩ་འཛུགས་ལས་ཀའི་མཚན་མོའི་སློབ་གྲྭ་དང་ལས་ཁུངས་ཀྱི་སློབ་ཁང་།ཆེད་དོན་སློབ་སྦྱོང་བཅས་རྒྱུན་རྣམ་ཅན་གྱི་སྒོ་ནས་གཉེར་ཏེ་རྩ་འཛུགས་ལས་དོན་ལས་བྱེད་པས་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཞིབ་འཇུག་དང་སློབ་སྦྱོང་གཏིང་ཟབ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་རྩ་འཛུགས་པུའི་པུའུ་ཀྲང་གི་ཚོགས་འདུའི་སྙིང་དོན་ཁྱོན་ཡོངས་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད། 

( རྟ་མགྲིན་རྡོ་རྗེས་བསྒྱུར།)


  • ལེ་ཚན་སྔོན་མ།:ལས་ཞུགས་ལམ་བུ་ཡག་པོ་བཏོད་ནས་ལས་ལ་བརྩོན་པའི་གླུ་དབྱངས་ལེན།
  • ལེ་ཚན་རྗེས་མ།:ཕ་ཡུལ་ནི་ཞེན་ཆགས་ཀྱི་བསླུས་པའི་ནམ་མཁའ་དེ་ཡིན་པར་སེམས།
  • དོ་སྣང་ཆེ་བའི་རྩོམ།