ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

        2023-08-24

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་ཡིག་ཆ་དང་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས།

     སྤྱི་ཟླ8པའི་ཚེས21ཉིན། ཁུལ་ཨུའི་རྒྱུན་ཨུས་གྲོས་ཚོགས་འཚོགས་ནས་སྤྱི་ཟླ8པའི་ཚེས17ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་རང་ཁུལ་གྱི་འབྲུབ་འགོག་གནོད་སེལ་གྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་དབུལ་སྒྲོལ་ས་ཁུལ་གྱི་མི་རིགས་ས་ཁུལ་ཕན་ཀྲོའུ་རི་ཁུལ་དར་རྒྱས་གོང་འཕེལ་དང་གཞོན་ནུ་འཕེལ་རྒྱས་ཅན་གྱི་ཞིང་ཆེན་བསྐྲུན་པ་སོགས་སྐོར་གྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་ཡིག་ཆའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

     ཚོགས་འདུའི་ཐོག་བསྟན་དོན། ད་སྔར་ཁུལ་ཡོངས་སུ་ཆུ་འབྲུབ་པའི་དུས་ཡིན་ཞིང་དྲག་ཆར་ཆུ་ལོག་དང་། ཞོད་སྐྱོན། ས་གཤིས་གནོད་འཚེ་སོགས་ཀྱི་ཉེན་ཁ་ཅུང་ཆེན་པོ་ཡོད། རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་མཐའ་གཅིག་ཏུ་བྱེད་པ་དང་།ཐོག་མཐའ་བར་གསུམ་དུ་འབྲུབ་འགོག་གནོད་སེལ་གྱི་རྩ་བ་དམ་པོར་འཛིན་པ།མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱེད་པ།འབྲུབ་འགོག་ཞོད་འགོག་དང་ཉེན་སེལ་གནོད་སེལ་གྱི་ལས་དོན་ཁག་དམ་འཛིན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་ཉེན་མེད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས། དུང་དཀར་ལུང་པའི་ཆུ་ལོག་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐག་གཅོད་ཡག་པོ་བྱས་ནས་གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ་བསྐྱར་སྐྱེས་གནོད་འཚེ་ཐོན་པ་ནན་འགོག་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་གང་མགྱོགས་སླར་གསོ་ཐུབ་པ་བྱ་དགོས། གནོད་འཚེ་འགོག་ཟོན་དང་ཉེན་གཡོལ་དྲིལ་བསྒྲགས་སློབ་གསོ་དང་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་གནོད་འཚེ་འགོག་ཟོན་དང་ཉེན་གཡོལ་འདུ་ཤེས།རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཉེན་མེད་ངང་འབྲུབ་ཆུ་འགོག་པ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

     ཚོགས་འདུའི་ཐོག་བསྟན་དོན། རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐོག་མར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན” པའི་འདུ་ཤེས་བརྟན་པོ་འཆང་བ་དང་། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ངེས་གནས་ལ་གཞི་ཚུགས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་སྤྱི་འདོམས་ཡག་པོ་བཅས་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་གཏང་དགོས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སླར་གསོ་དང་སྐྱེ་ཁམས་མ་ལག་བཅོས་སྐྱོང་ལ་ཤུགས་རྒྱག་པ་དང་། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཚོགས་ཆེན་འཚོག་རྒྱུའི་གྲ་སྒྲིག་བྱས་ནས་དཀར་མཛེས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏང་དགོས།ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

     ཚོགས་འདུའི་ཐོག་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིསགསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་དབུལ་སྒྲོལ་ས་ཁུལ་གྱི་མི་རིགས་ས་ཁུལ་གྱི་ཕན་ཀྲོའུ་རི་ཁུལ་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆརབཏོན་ནས་དཀར་མཛེས་ཁུལ་གྱིས་ས་ཁོངས་འཕེལ་རྒྱས་སྐུལ་འདེད་དང་ཐུན་མོང་ཕྱུག་འགྱུར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་གལ་ཆེན་བྱས་ཡོད། རིམ་ཁག་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གོ་བ་ནན་པོར་བླངས་ནས་གོ་སྐབས་དམ་འཛིན་དང་། ཡུལ་བབ་དང་བསྟུན་པ། ཁྱད་ཆོས་གོང་འཕེལ་བཅས་བྱས་ཏེ་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནསབྱ་སྤྱོད་ཆེན་པོ་བརྒྱདསྤེལ་ཏེརང་སྟོབས་ནུས་པདང་ནང་གནས་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏང་དགོས།ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

     ཚོགས་འདུར་བསྟན་དོན། གཞོན་ནུའི་ལས་དོན་ནི་ཏང་གི་འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་ཡིན། རིམ་ཁག་སྡེ་ཚན་ཁག་གིས་ཞིང་ཆེན་ཏང་ཨུ་གཞུང་དོན་ཐིང་དང་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའིགཞོན་ནུ་འཕེལ་རྒྱས་ཅན་གྱི་ཞིང་ཆེན་བསྐྲུན་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིགགི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་གཞོན་ནུ་འཕེལ་རྒྱས་གཏོང་རྒྱུ་དེ་ཁྱོན་ཡོངས་ནང་བཞག་ནས་ཇུས་འགོད་བྱས་ཏེ་དཀར་མཛེས་ཀྱིས་གཞོན་ནུ་ཚོར་དེ་བས་མཛའ་གྲོགས་དང་གཞོན་ནུ་ཚོར་དཀར་མཛེས་སུ་དེ་བས་ཕན་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་བཏོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་གསར་པ་སྒོ་ཀུན་ནས་བསྐྲུན་རྒྱུའི་ན་གཞོན་སྟོབས་ཤུགས་ཤིག་རྒྱུན་ཆད་མེད་པར་གཅིག་ཏུ་འགྲིལ་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གཞོན་ནུ་འཕེལ་རྒྱས་རྣམ་པའི་གྲོང་ཁྱེརརྫོངབསྐྲུན་རྒྱུ་དམིགས་ཚད་དུ་བྱས་ཏེ་གཞོན་ནུ་ཚོར་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། བསམ་བློའི་དྲག་ཤུགས། ཀུན་སྤྱོད་ཀྱི་འབོད་སྐུལ་བཅས་བྱ་རྒྱུར་ཤུགས་བསྣན་དགོས། སྤྱི་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ནང་གཞོན་ནུ་དང་འབྲེལ་བ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ལ་དོ་ཁུར་བྱས་ནས་གཞོན་ནུའི་ལས་ཞུགས་ལས་གཏོད་དང་། གཞོན་ནུའི་ལུས་སེམས་བདེ་ཐང་། གཞོན་ནུ་ལོ་ཆུང་གི་སློབ་གསོ་ཞབས་ཞུ་སོགས་གཙོ་གནད་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་དཀར་མཛེས་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གཞོན་ནུའི་སྟོབས་གསར་དམག་གི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱ་དགོས།ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

     ཚོགས་འདུར་ཁུལ་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ལས་དོན་གྱི་གནས་ཚུལ་སྙན་སེང་ལ་ཉན་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་ནས་མཐའ་ཚད་ཀྱི་བསམ་གཞིག་བརྟན་པོ་འཛུགས་པ་དང་། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཏང་ཨུའི་འགོ་ཁྲིད་དང་། སྡེ་ཚན་གྱི་འགན་འཁུར། མཉམ་འཛིན་སྤྱི་སྒྲུབ། དམངས་ཡོངས་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གཏོད་རྒྱུ་གོ་སྐབས་སུ་བྱས་ནས་དཀར་མཛེས་ཀྱི་ཁྱད་ཆོས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་རྟེན་གཞི་ཧུར་ཐག་གཏོད་དགོས། སློབ་གསོའི་རྣམ་པ་རྒྱ་ཆེར་གཏོང་བ་དང་། སློབ་གསོའི་ཁྱབ་རྒྱ་ཆེ་རུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་སློབ་གསོའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དང་བྱང་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཡོངས་སྐུལ་སློང་གིས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་དགོས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

     ཚོགས་འདུའི་ཐོག“9·5”ལྕགས་ཟམ་ཁའི་ས་འགུལ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་།དཔེ་མཚོན་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེདསོགས་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་ཉན་པ་དང་། 2022ལོར་ཁུལ་ཡོངས་ཀྱིས་འབྲུ་རིགས་ཉེན་མེད་དང་། བཟའ་བཅའ་ཉེན་མེད། རྨོ་ཞིང་སྲུང་སྐྱོང་སོགས་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཀྱི་དཔྱད་ཞིབ་འབྲས་བུ་སོགས་ཀྱི་ཡིག་ཆར་གྲོས་ཞིབ་གནང་བ་རེད།

 

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།





ལོ་ཙཱ་བ། མཁས་གྲུབ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༣༠
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།