ཀྲུང་གོའི་བོད་ལྗོངས་དྲ་བ། 2023-08-24
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས22ཉིན་གྱི་སྔ་དྲོར། ཕྱི་རྒྱལ་དང་ངོགས་གཉིས་ཀྱི་རྒྱ་ཡིག་སྨྱན་སྦྱོར་ཀན་སུའུ“མཐོ་སྒང་དུ་སྐྱོད”ཅེས་པའི་བཅར་འདྲི་བྱེད་སྒོ་ཀན་སུའུ་ལན་ཀྲོའུ་རུ་མགོ་བརྩམས་ཤིང་། ཧྥི་ལི་ཕིན་དང་། ཁ་ན་ཏ། ཅེ་ཁེ། མ་ལེ་ཞི་ཡ། ནི་ཀྲེ་རི་ཡ། ཧྥི་ཅི། ཧྥ་རན་སེ། འཇར་པན་སོགས་རྒྱལ་ཁབ་དང་ངོགས་གཉིས་ཀྱི་རྒྱ་ཡིག་སྨྱན་སྦྱོར20ཡི་གསར་འགོད་པ་དག་གིས་ཀན་སུའུ་རུ་དུས་ཡུན་ཉིན6རིང་རྟོག་ཞིབ་བཅར་འདྲི་བྱ་རྒྱུ་རེད།
ཚོགས་འདུའི་ཡུལ་དངོས།
ཀྲུང་གོ་ཞི་བའི་གཅིག་གྱུར་སྐུལ་འདེད་ཚོགས་པའི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཞུས་པོས་ལགས་ཀྱིས། ཐེངས་འདིའི་བྱེད་སྒོའི་བརྒྱུད་རིམ་ཕུན་སུམ་ཚོགས་པོ་ཡོད་དེ། རིག་གནས་དང་། སྐྱེ་ཁམས། དམངས་འཚོ། ཆོས་ལུགས། མི་རིགས་སོགས་དང་འབྲེལ་བ་ཡོད་པས། ཚང་མས་རང་རང་གི་རྩལ་ནུས་འདོན་སྤེལ་བྱས་ནས། རང་གི་མཐོང་ཐོས་མྱོང་གསུམ་ཚང་མ་ཀྲུང་གོར་རྒྱུས་ལོན་དང་། ཀན་སུའུ་ལ་རྒྱུས་ལོན། ཀན་ལྷོ་ལ་རྒྱུས་ལོན་བྱེད་འདོད་མཁན་དག་གི་རྒྱལ་ཕྱིའི་ལས་རིགས་ཁག་གི་གྲོགས་པོ་དག་ལ་བཤད་དེ། ཁོ་ཚོར་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོར་རྒྱུས་ལོན་དང་ངོས་འཛིན་ཡོང་དུ་འཇུག་དགོས་ཞེས་གསུངས།
ཀན་སུའུ་ཞེས་པའི་མིང་གི་ཐོགས་དོན་འདི་ལྟར་ཡིན་ཏེ། དེ་ནི་ཀན་ཀྲོའུ (དེང་གི་ཀྲང་ཡེ་ཡིན)ཞེས་པའི་ཀན་དང་། སུའུ་ཀྲོའུ(དེང་གི་ཅིའུ་ཆོན་ཡིན)ཞེས་པའི་སུའུ་གཉིས་ལྷན་དུ་སྦྱར་བས་སོ།། ཀན་སུའུ་ནི་རྨ་ཆུའི་སྟོད་རྒྱུད་དུ་ཆགས་ཡོད་ལ། ཤར་ནས་ཧྲའན་ཞི་དང་། ལྷོ་ནས་སི་ཁྲོན་དང་མཚོ་སྔོན། ནུབ་ནས་ཤིན་ཅང་། བྱང་ནས་ནང་སོག་དང་ཉིང་ཞ་ལ་འདྲེས་ཡོད་པ་དང་། གནའ་བོའི་དར་གོས་ཚོང་ལམ་ཧྲིལ་པོ་ཁྱབ་པས། རྒྱ་བོད་སོག་གསུམ་གྱི་ཚོང་ལས་ས་ཁུལ་དང་སྐྱེལ་འདྲེན་གྱི་རྒྱུ་ལམ་གཙོ་བོ་ཡིན། ཀན་སུའུ་ཡི་ས་བབ་ནི་རིན་ཆེན་གཡུ་ཞིག་དང་འདྲ་བར། དེས་ས་སེར་མཐོ་སྒང་དང་མཚོ་བོད་མཐོ་སྒང་། ནང་སོག་མཐོ་སྒང་ལ་སྔར་ལས་ལྷག་པའི་རྒྱན་ཆ་ཞིག་སྤྲས་ཡོད་པ་དང་ཀུན་ནས་མཚུངས། ཀན་སུའུ་ཡི་ཤར་ནས་ནུབ་ལ་སྤྱི་ལེ1600ལྷག་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི42.59ཡོད།
ཀན་སུའུ་ནི་འཛམ་གླིང་ཡོངས་ལ་སྐད་གྲགས་ཆོད་པའི་དར་གོས་ཚོང་ལམ་གྱི་འགག་མདོར་གནས་པས། གནའ་ནས་བཟུང་ཤར་ནུབ་གཉིས་ཀྱི་ཚོང་ལས་རྒྱུ་ལམ་དང་དཔལ་ཡོན་གྱི་འཕར་རྩ་ལྟ་བུ་ཡིན་ལ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་ཤར་ནུབ་རིག་གནས་དང་གནའ་དེང་རིག་གནས། མི་རིགས་ཡུལ་སྲོལ། ས་ཁམས་སྣ་ཚོགས། ཆོས་ལུགས་སྒྱུ་རྩལ་སོགས་གཅིག་ཏུ་འདྲེས་པའི་མཉམ་སྒྲོག་རོལ་མོ་ཞིག་ཏུ་གྱུར་ཡོད།
ཕྱི་རྒྱལ་དང་ངོགས་གཉིས་ཀྱི་རྒྱ་ཡིག་སྨྱན་སྦྱོར་ཀན་སུའུ“མཐོ་སྒང་དུ་སྐྱོད”ཅེས་པའི་བཅར་འདྲི་བྱེད་སྒོ་དེ2011ལོར་ཐེངས་དང་པོར་སྤེལ་ཅིང་། ཀྲུང་གོ་ཞི་བའི་གཅིག་གྱུར་སྐུལ་འདེད་ཚོགས་པས་རྩ་འཛུགས་བྱས་པ་རེད། ད་ལྟའི་བར་གྱི་ལོ་ངོ་བཅུའི་རིང་ལ། གསར་འགོད་པ་དག་གིས་བཅར་འདྲིའི་རྐང་རྗེས་དེ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་འབྲེལ་ས་ཁུལ་དུ་དཔར་ཞིང་། གསར་འགྱུར་མང་པོ་ཞིག་དབྱིན་ཡིག་དང་འཇར་མན་གྱི་ཡི་གེ ཧྥ་རན་སེའི་ཡི་གེ ཕོར་ཐི་གལ་གྱི་ཡི་གེ་སོགས་ལ་བསྒྱུར་ཏེ། ཕྱི་རྒྱལ་གྱི་ཚགས་པར་དང་དུས་དེབ། དྲ་ཚིགས་སོགས་སུ་རྒྱ་ཁྱབ་ཏུ་བརྒྱུད་འགོད་བྱས་ནས། འཛམ་གླིང་ཡོངས་ཀྱིས་ཀྲུང་གོར་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་དང་སྟེགས་བུ་གལ་ཆེན་ཞིག་འདོན་སྤེལ་བྱས་ཡོད།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10