མི་རིགས་མཐུན་སྒྲིལ་གྱི་གཞས་དབྱངས་མཉམ་དུ་བརྩམས། བདེ་སྐྱིད་འཆམ་མཐུན་གྱི་གླུ་དབྱངས་མཉམ་དུ་ལེན།

        2023-08-28

2023ལོའི་ཀྲུང་གོ་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན་དར་མདོ་ནས་གཟབ་རྒྱས་ངང་སྤེལ།

མི་རིགས་མཐུན་སྒྲིལ་གྱི་གཞས་དབྱངས་མཉམ་དུ་བརྩམས། བདེ་སྐྱིད་འཆམ་མཐུན་གྱི་གླུ་དབྱངས་མཉམ་དུ་ལེན།


སྤྱི་ཟླ8པའི་ཚེས22ཉིན་གྱི་དགོང་མོར། 2023ལོའི་ཀྲུང་གོ་དར་མདོའི་རྒྱལ་སྤྱིའི་མཛའ་གཞས་དུས་ཆེན་དར་མདོའི་མཛའ་གཞས་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་བ་རེད།རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བ་དང་དར་མདོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་ལ་ཉེ་བ་མཉམ་དུ་འཛོམས་ནས་འཆམ་མཐུན་སྣང་ཡན་དང་། མཐུན་སྒྲིལ་ཡར་བརྩོན་གྱི་མི་རིགས་མཉམ་སྤྲོའི་འདུ་ཚོགས་ལས་འཛམ་གླིང་དང་མཉམ་དུ་གླུ་དབྱངས་ཤིག་ལེན་ཞིང་མཉམ་དུ་བརྩེ་སེམས་ཀྱི་དར་དཀར་རིང་དུ་བསྲིངས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་མཛད་སྒོར་ཕེབས་པར་མ་ཟད། མི་རིགས་མཐུན་སྒྲིལ་མཚོན་བྱེད་ཀྱི་སེའུ་འབྲུ་དཔེ་དབྱིབས་ཀྱི་འགོ་ཚུགས་སྒྲིག་ཆས་འགོ་རྩོམ་པ་རེད།ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཡིའུ་ཡུང་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲི་ཅུན། ཞིང་ཆེན་ཀྲི་ཀུང་ཏང་ཞིང་ཆེན་ཨུ་ལྷན་གྱི་ཆེད་བསྐོས་ཀྲུའུ་རེན་ཨུ་ཡོན་གཞོན་པ་དབྱང་པང་ཆུང་། ཞིང་ཆེན་ཡུལ་སྡེ་དར་རྒྱས་ཅུས་ཀྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་ལུའེ་ལེ། ཁུལ་དམངས་ཆེན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་སོགས་ཀྱི་མཛད་སྒོར་ཞུགས་པ་རེད།

ཐེངས་འདིའི་མཛད་སྒོ་ནི་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་ཁུལ་རིག་གནས་རྒྱང་སྒྲོག་ཡུལ་སྐོར་ཅུས་ཀྱིས་མཛུབ་སྟོན་བྱས་པ་དང་། དར་མདོ་གྲོང་ཁྱེར་ཏང་ཨུ་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་རེད། རྒྱུན་འཛིན་གསར་གཏོད་ཀྱི་རྨང་གཞིའི་ཐོག་རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་སྤེལ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་བརྒྱུད་འཛིན་མངོན་པ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་དམངས་ཡོངས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་སྤྲོ་སྐྱིད་ངང་སྐོར་སྐྱོད་བྱེད་པའི་ཡུལ་སྐོར་བྱེད་སྒོ་ཁག3དང་། ཡན་ལག་ཚོགས་རའི་བྱེད་སྒོ་ཁག་མང་པོ་བསྣན་ཏེ་གྲོང་ཁྱེར་ཡོངས་ཀྱི་མཉམ་འགུལ་རྣམ་པ་བཏོད་པ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༢༩
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།