ཧྥུང་ཧྥ་ཀུའེ་ཡིས་རྟའུ་དང་བྲག་མགོ། དཀར་མཛེས། སྡེ་དགེ་རྫོང་བཅས་སུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས།

        2023-08-25

རང་སྤུས་ལ་གཞི་ཚུགས་པ་དང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཡུལ་སྡེ་དར་རྒྱས་དང་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ8པའི་ཚེས13ནས16ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་རྟའུ་དང་བྲག་མགོ། དཀར་མཛེས། སྡེ་དགེ་རྫོང་བཅས་སུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་བཅས་སྒྲོག་འགྲེལ་གནང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ཡུལ་སྡེ་དར་རྒྱས། ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་གཏོང་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། རང་སྤུས་ལ་གཞི་ཚུགས་པ་དང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཡུལ་སྡེ་དར་རྒྱས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཀྱི་དགེ་མཚན་དེ་དཔལ་འབྱོར་གྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་དགེ་མཚན་དུ་དངོས་སུ་བསྒྱུར་དགོས་ཞེས་ནན་གསུང་གནང་བ་རེད།། 

(བདེ་སྐྱིད་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཧྥུང་ཧྥ་ཀུའེ་ཡིས་འབོ་ཞབས་གྲོང་རྡལ་དུང་དཀར་ལུང་པའི་དྲག་ཆར་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐག་གཅོད་བྱེད་པའི་ལས་དོན་ལ་མཛུབ་ཁྲིད་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།